བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

དབུས་རྒྱུན་ལས་ཁང་།

དམིགས་བསལ་ཚོགས་ཆེན་ཐོག་གཏན་འབེབ་གནང་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི།

པར་འདེབས། PDF

༄༅།  །བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི། སྤྱི་མོས།

ལེའུ་དང་པོ། རྩ་འཛིན། མང་མོས།

དོན་ཚན་དང་པོ།   སྒྲིག་གཞིའི་མིང། སྤྱི་མོས།

བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི་བོད་རྒྱལ་ལོ་ ༢༡༤༤ ཕྱི་ལོ་ ༢༠༡༧  ཞེས་འབོད་རྒྱུ། སྤྱི་མོས།

དོན་ཚན་གཉིས་པ། འགོ་འཛུགས། སྤྱི་མོས།

རྩ་འཛིན་སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དུ་གཏན་འབེབས་བྱས་ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ། སྤྱི་མོས།

དོན་ཚན་གསུམ་པ། ཁྱབ་ཚད། སྤྱི་མོས།

རྩོམ་འཕྲོ་ཀློགས།..

མདོ་སྨད་སྐབས་བཅུ་དྲུག་པའི་དམིགས་བསལ་ཚོགས་ཀྱི་གྲོས་ཆོད་ཁག

པར་འདེབས། PDF

༄༅།། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་ཁག

གྲོས་གཞི་དང་པོ།  ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་ཐབས།

གྲོས་གཞི་དང་པོའི་གྲོས་ཆོད།

༡༽ ༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ དང་བོད་ལུགས་ ༨༥ ལོར་༸དགུང་གེགས་ལ་ཁེལ་བཞིན་ཡོད་པས་༸མགོན་པོ་མཆོག་ཚུལ་བསྟན་༸དགུང་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པར་བསྟན་འགྲོ་སྤྱི་དང།

རྩོམ་འཕྲོ་ཀློགས།..

སྐབས་བཅུ་དྲུག་པའི་དབུས་རྒྱུན་ལྷན་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་མོས་ཀྱིས་ཐག་ཆོད་བྱུང་བའི་ཚིག་ཐོ་ཁག

པར་འདེབས། PDF

༡༽ཉེ་ཆར་སྐབས་བཅོ་ལྔ་བའི་དབུས་རྒྱུན་གཉིས་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་མདོ་སྨད་དབུས་རྒྱུན་གྱི་ཚོགས་ཆེན་གྱི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུར་བཅར་སྐབས། སྐུ་ངོ་མཆོག་གིས་ངེད་རང་ཚོགས་ཆེན་དུ་བཅར་ནས་དམིགས་བསལ་བཀའ་སློབ་གནང་རྒྱུ་མེད་མོད།ངེད་ཀྱིས་བྲིས་པའི་དེབ་དེ་ཁྱེད་རང་ཚོས་ཀློག་རྒྱུ་གལ་ཆེན་པོ་ཡིན་པ་དང་།

རྩོམ་འཕྲོ་ཀློགས།..

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅོ་ལྔ་པ། ཕྱི་ལོ ༢༠༡༡ནས ༢༠༡༥ པར།

པར་འདེབས། PDF

གསལ་བཤད།   སྐབས་དང་པོ་ནས་གསུམ་པ་བར་ཡིག་ཆ་ཁོངས་ཐུབ་མ་སོན་པས་གནས་སྐབས་སོར་འཇོག་དང་།དེ་བཞིན་འདིར་མ་ཚུད་པ་རྣམ་པས་མདོ་སྨད་དབུས་རྒྱུན་ལ་ཐད་ཀར་འབྲེལ་གཏུགས་གནང་རོགས་ཞུ་རྒྱུ་དང་།ལས་རྒྱུན་གྱི་ལོ་ཚིགས་དང་དགོངས་ཞུའི་རིགས།དེ་མིན་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་དུས་ཚེས་བཅས་སྐབས་དེའི་ཕྱག་རོགས་དག་གིས་གསལ་འབྲེལ་གནང་རྒྱུའི་འབོད་སྐུལ་དང་བཅས།

 ཨང་རིམ།  མཚན་གཞུང་།  ལས་གནས།  འཁྲུངས་ཡུལ། གསལ་བཤད།
བསྟན་པའི་དངོས་གྲུབ།  ཚོགས་གཙོ།  མཚོ་སྔོན།  
ཨ་ལོ་མཁར་བྱམས་དོན་འགྲུབ།  ཚོགས་གཞོན། རེབ་གོང་།  
རྒྱ་རིག་ཐར། དྲུང་ཆེ། ཀླུ་ཚང་།  
ཨ་རིག་དགེ་མཐོང་། ཆོས་རིག་འགན་འཛིན། ཨ་རིག   
རྒྱ་མཚོ། བདེ་དོན་འགན་འཛིན། སྐུ་འབུམ།  
བཀྲ་ཤིས་དོན་འགྲུབ། ཕྱི་འབྲེལ་འགན་འཛིན། མགོ་ལོག  
ཚངས་དབྱངས་རྒྱ་མཚོ། དངུལ་གཉེར། མགོ་ལོག  
སྤྱི་འཐུས་རྨོག་རུ་བསྟན་པ། རྒྱུན་ལས། མཚོ་སྔོན།  
ཀརྨ་དགེ་ལེགས། རྒྱུན་ལས། སྒང་ཏོག  
༡༠ གངས་རི། རྒྱུན་ལས། རྔ་བ།  
༡༡ གཡང་ཁོ་རྒྱལ། རྒྱུན་ལས། མང་ར།  

མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅུ་བཞི་པ། ཕྱི་ལོ ༢༠༠༨ནས ༢༠༡༡ པར།

པར་འདེབས། PDF
 ཨང་རིམ།  མཚན་གཞུང་།  ལས་གནས།  འཁྲུངས་ཡུལ། གསལ་བཤད།
སྤྱི་འཐུས་ཡེ་ཤེས་སྒྲོལ་མ།  ཚོགས་གཙོ།  ཧོར་གཙང་།  
མགོན་པོ་དོན་འགྲུབ།  ཚོགས་གཞོན། རྨ་ཆུ།  
རྒྱ་རིག་ཐར། དྲུང་ཆེ། ཀླུ་ཚང་།  
བློ་བཟང་དཔལ་ལྡན། ཆོས་རིག་འགན་འཛིན། རྭ་རྒྱ།   
བསྟན་པའི་དངོས་གྲུབ། བདེ་དོན་འགན་འཛིན། མཚོ་སྔོན།  
ཀརྨ་དགེ་ལེགས། ཕྱི་འབྲེལ་འགན་འཛིན། སྒང་ཏོག  
བྱམས་པ་ཆོས་སྒྲོན། དངུལ་གཉེར། རྔ་བ།  

ཤོག་ངོས་རྗེས་མ་དག་ཀློགས།