བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

༧གོང་ས་མཆོག་གི་བཀའ་སློབ།

དུས་གསུམ་གསལ་གཟིགས་ཀྱི་གལ་ཆེའི་བཀའ་སློབ། ༡

པར་འདེབས། PDF

 

ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར་ཆིབས་སྒྱུར་སྐབས་ཁུལ་དེའི་བོད་མི་སེར་སྐྱ་མང་ཚོགས་བདུན་བརྒྱ་བརྒལ་བར་བཀའ་སློབ་སྩལ་བ་ནས་ཟུར་འདོན་ཞུས།

          དེ་ནས་ངས་འཕྲོས་བཤད་ཕྲན་བུ་བརྗོད་འདོད་བྱུང། སྔ་ལོ་བསྒྱུར་བཅོས་འདི་ ༼སྐུ་དབང་རྩིས་སྤྲོད་༽ གཏོང་སྐབས་དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་མིང་ཞིག་འཇགས་ཏེ་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༦ པའི་ནང་ང་ཚོ་མ་སུ་རིར་སླེབས་ནས་ལྷིང་འཇགས་པའི་རྗེས་སུ་རྒྱལ་སྤྱིའི་གསར་འགྱུར་འགོད་མཁན་མང་པོ་ཞིག་ཐུག་པ་དང། དེ་གོང་དུ་གསར་འགྱུར་འགོད་མཁན་ཚོར་མགྲིན་ཚབ་པ་

དུས་གསུམ་གསལ་གཟིགས་ཀྱི་གལ་ཆེའི་བཀའ་སློབ། ༢

པར་འདེབས། PDF

དུས་གསུམ་གསལ་གཟིགས་ཀྱི་གལ་ཆེའི་ལམ་སྟོན་བཀའ་སློབ། ཁག་གཉིས་པ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་ྋགོང་ས་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཐང་ཆེན་དུ་ལས་བསྡོམས་ཚོགས་ཆེན་ཐོག་སེར་སྐྱ་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་བཀའ་སློབ་སྩལ་བ་ནས་ཟུར་འདོན་ཞུས།

          བར་སྐབས་ང་ཚོའི་གནས་ཚུལ་འགྱུར་བ་གཅིག་ལ་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ཏཱ་ལའི་བླ་མའི་བླ་བྲང་གིས་བོད་ཀྱི་སྲིད་དབང་འཛིན་པ་

༸གོང་ས་མཆོག་གིས་འཁྲུངས་སྐར་ཉིན་གྱི་བཀའ་སློབ།

པར་འདེབས། PDF

༸གོང་ས་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་འཁྲུངས་སྐར་ཉིན་མི་མང་ ༥༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། “དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་དུས་ཚིགས་འདིར་ཆེད་གཉེར་ཐོག་ནས་ཕེབས་པའི་ཕྱིའི་སྐུ་མགྲོན་ཁག་དང་གྲོགས་པོ་རྣམ་པ་ཚོ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ། དེ་བཞིན་མི་མང་རྒན་བྱིས་སྐྱ་སེར་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་སྐྱེས་སྐར་གྱི་དུས་ཚིགས་འདིར་ཁྱེད་རང་ཚོས་ཆེད་མངགས་ཕེབས་ཏེ་འཚམས་འདྲི་གནང་བར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་འཛམ་གླིང་འདིའི་ཐོག་སྐྱེས་སྐར་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད།

ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།

པར་འདེབས། PDF

བོད་དུ་ནང་ཆོས་མ་དར་གོང་ནས་ཀྱང་བོན་ཆོས་ཡོད་ལ། ཕྱིས་ཀྱི་བོན་ལྟར་གྲ་རྒྱས་པོ་ཡོད་མེད་མི་ཤེས་ཀྱང་རིག་གཞུང་གང་འཚམས་ཡོད་པའི་ཆོས་རྒྱུད་ཅིག་ཆགས་ཡོད། སྐབས་དེ་དུས་ནས་བོན་གཞུང་གི་ཐོག་ནས་བོད་པ་རང་གི་སྨན་གཞུང་ཞིག་ཡོད་ཅིང༌། དེས་ན་མེས་པོའི་ཆོས་རྒྱུད་དང་མེས་པོའི་རིག་གཞུང་གི་འགྲོ་སྟངས་དེ་འདྲ་ཞིག་རེད།

བོད་ཀྱི་སྐད་ཡིག་གི་ཆ་ནས་སྤོབས་པ་སྐྱེས་འོས་པའི་

པར་འདེབས། PDF

ང་ཚོའི་སྐད་ཡིག་ལ་ཆ་བཞག་ན། དཔེར་ན་ལེགས་སྦྱར་གྱི་སྐད་དེ་ཚད་མཐོ་པོ་ཞིག་ཏུ་བརྩི་གི་ཡོད་ཅིང༌། ནུབ་ཕྱོགས་ལ་ Latin ༼གནའ་རབས་ཡོ་རོབ་ཁུལ་གྱི་སྐད་ཡིག༽ ཞེས་བརྗོད་སྐབས་ཧ་ཅང་ཚད་མཐོ་པོར་བརྩི་གི་ཡོད།
ཤར་ཕྱོགས་སུ་སཾསྐྲྀ་ཏ་ཞེས་བརྗོད་ཚེ་ཚད་མཐོ་པོར་བརྩི་གི་ཡོད་པ་ལྟར་ང་ཚོ་བོད་པའི་ཡི་གེ་འདི་སཾསྐྲྀ་ཏ་མཉམ་དུ་ཏག་ཏག་འགྲོ་ཐུབ་མཁན་གྱི་སྐད་ཡིག་ཞིག་ཆགས་ཡོད།

ཤོག་ངོས་རྗེས་མ་དག་ཀློགས།