བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

༄༅། ། གཡུང་དྲུང་བོན་གྱི་བསྟན་བདག་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་དགེ་བའི་བཤེས་གཉེན་ཆེན་མོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་མཚན་རྟགས་སུ་བབས་འདུག་པར་འཚམས་འདྲིའི་ཞུ་ཡིག

པར་འདེབས། PDF

ཕྱི་ལོ་ ༢༠༡༨ ཟླ་ ༡

26112070 559560827725821 225469015493843904 nཚེས་ ༡ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་གཡུང་དྲུང་བོན་གྱི་སྔར་སྲོལ་ལམ་ལུགས་གཞིར་བཟུང་བརྟག་པ་གཟབ་བརླིང་རིམ་པར་བགྱིས་པའི་འབྲས་རྟགས་སུ། མཆོག་ཉིད་གཡུང་དྲུང་བོན་གྱི་བསྟན་བདག་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་བྱོན་ཕེབས་ཀྱི་གཏམ་བཟང་ས་ཆེན་ཧྲིལ་པོར་ཁྱབ་འཕེལ་བྱུང་བར། འདི་ནས་ཆོལ་ཁོངས་མི་དམངས་ཡོངས་ཀྱི་ཚབ་ཞུས་ཏེ། བཅོས་མིན་དགའ་གུས་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།

 

སླད་མའི་ཆར་ཡང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་། ཞིང་གཤེགས་༸ཁྲི་འཛིན་གོང་མའི་རྣམ་ཐར་བདག་གིར་བཞེས་བཞིན། བོད་དང་བོད་མིའི་བདེ་རྩར་ཕན་འཇོན་དང་། གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སླད། སྐུ་དཀྱིལ་གསལ་བརྟན་ཐོག་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པའི་གསོལ་འདེབས་སྙིང་ནས་ཞུས་ལགས་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་གྱུར་ཅིག་གུ།

མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣ ལ་

གུས་ཕུལ།།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ཉི་མ།, /01/ 21, 2018
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.