བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

ཧྥ་རན་སིར་མདོ་སྨད་ས་གནས་རྒྱུན་ལས་གསར་འཛུགས།

པར་འདེབས། PDF

ཕྱི་ལོ་ ༢༠༡༧ ཟླ་ ༠༢ ་ཚེས་ ༠༣ ཉིན་ཧྥ་རན་སིར་གནས་བཞུགས་རྒྱ་ཆེའི་མདོ་སྨད་མི་མང་རྒྱལ་ས་ཕ་རི་སིའི་དུས་འཁོར་ཆོས་ཚོགས་སུ་འཛོམས་ཏེ་འོས་བསྡུའི་ལམ་ནས་ཧྥ་རན་སི་མདོ་སྨད་ས་གནས་རྒྱུན་ལས་དངོས་སུ་གསར་འཛུགས་གནང་སྟེ་རྒྱུན་ལས་གསར་འདེམས་དང་ཟླ་དེའི་ཚེས་༡༠ཉིན་རྒྱུན་ལས་ཀྱི་ལས་གནས་གཏན་འབེབས་གནང་ཐུབ་ཡོད་པ་མ་ཟད་

ཚེས་༡༩ཉིན་སྐབས་དང་པོའི་ཧྥ་རན་སི་མདོ་སྨད་ས་གནས་རྒྱུན་ལས་ཁང་དབུ་བརྙེད་མཛད་སྒོ་ཀྱང་སྤེལ།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་སྐུ་ཚབ་དོན་གཅོད་དྲུང་ཆེ་སྐུ་ངོ་ཚེ་རིང་དོན་འགྲུབ་མཆོག་གཙོས།  ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་།  དེ་བཞིན་ས་གནས་གཞོན་ལྷན་སྐུ་ཚབ།  ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པའི་སྐུ་ཚབ།  དབུས་གཙང་ཆོལ་ཁའི་སྐུ་ཚབ།  ས་གནས་ཆུ་སྒང་སྐུ་ཚབ། ཡུམ་བུ་བླ་མཁར་སྐུ་ཚབ་བཅས་གདན་ཞུས་ངང་མཛད་སྒོ་ལེགས་འགྲུབ་བྱུང་ཡོད།

སྐབས་དང་པོའི་ཧྥ་རན་སི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་འདེམས་ཐོན་རྒྱུན་ལས་ནི།

རྒན་ལྷ་མོ་སྐྱབས་ལགས་ཧྥ་རན་སིའི་མདོ་སྨད་ས་རྒྱུན་གྱི་སློབ་སྟོན་པར་བསྐོས།

ཚོགས་གཙོ།     ཐུབ་བསྟན་རྒྱ་མཚོ་ལགས།

ཚོགས་གཞོན།    རྐྱང་ཕྲུག་གྲགས་པ་ལགས།

དྲུང་ཆེ།       བསྟན་པའི་དངོས་གྲུབ་ལགས།

རྩིས་པ།        བན་དེ་ཚེ་རིང་ལགས།

དངུལ་གཉེར།    པདྨ་རིན་ཆེན་ལགས།

དཔལ་འབྱོར་འགན་འཛིན།   དོན་འགྲུབ་རྒྱལ་ལགས་དང་གླིང་བསྟན་པ་ལགས།

ཆོས་རིག་འགན་འཛིན།  བསམ་གཏན་ལགས།

བདེ་དོན་འགན་འཛིན་ལགས།  སྒྲོན་སྐྱིད་ལགས།

འབྲེལ་འཐུད་འགན་འཛིན།   བཀྲིས་སྐྱིད་ལགས།

ཟློས་གར་འགན་འཛིན།  མདོ་འཛིན་པ་སྒྲོལ་མ་ལགས།   འབྲུག་སྐྱིད་ལགས།   ལོ་སར་སྐྱིད་བཅས་སོ།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ཕུར་བུ།, /09/ 21, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.