བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

༄༅། །ལྷག་བསམ་དང་རྣམ་དཔྱོད་མཆོག་ཏུ་མངའ་བའི་བོད་ཀྱི་ལུས་སྦྱོང་རྩལ་ཁྲིད་པ་གྲགས་ཅན་གཉན་རྩེ་མཆོག་སྤྲུལ་དམ་ཆོས་ཉི་མ་རིན་པོ་ཆེའི་གང་དེར།

པར་འདེབས། PDF

སྐུ་ཉིད་ཀྱི་ཕུལ་དུ་ཕྱིན་པའི་ལུས་སྦྱོང་སློབ་གསོའི་ནུས་མཐུ་ལ་བརྟེན། འགྲོ་བ་མིའི་རིགས་ཀྱི་ལུས་སེམས་འཕྲོད་སྦྱོར་དང་ནད་རིགས་སྔོན་འགོག་སོགས་ལ་ཕན་རླབས་རྒྱ་ཆེར་བསྐྲུན་པས། ཐེངས་འདིར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་གསེར་གྱི་གཟེངས་རྟགས་ཐོག་དང་པོར་སྐུ་ཉིད་ལ་འབུལ་གནང་མཛད་པར་རྒྱ་ཆེའི་མདོ་སྨད་མི་དམངས་ཀྱི་ཚབ་ཞུས་ཏེ་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག   ཕྱིས་འབྱུང་ཡང་སྐུ་ཉིད་ཀྱི་ཐུན་མིན་ཁྱད་ལས་ལུས་སྦྱོང་འཕྲུལ་རྩལ་གཙོར་བྱས། རང་རེའི་རིག་གཞུང་དར་སྤེལ་དང་འགྲོ་བ་མིའི་རིགས་ལ་ལུས་སེམས་ཀྱི་དཀའ་སྡུག་ལས་རྣམ་པར་རྒྱལ་བའི་ཐབས་ལ་མུ་མཐུད་འབད་རྩོལ་དང་། སྐུ་ཉིད་ཀྱི་བྱ་བཞག་གང་བརྩམས་མཐར་འཁྱོལ་ཡོང་བར་སྐུལ་འདེབས་ཞུ་བ་བཅས། 
བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།      ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༧ ཉིན།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་སྤེན་པ།, /11/ 25, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.