བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

རྡོ་རྗེ་གླིང་གི་བླ་བྲང་ཨ་ཁུ་འཇིགས་མེད་རྒྱ་མཚོ་ལ་རོགས་དངུལ།

པར་འདེབས། PDF

དེ་སྔོན་མདོ་སྨད་དབུས་རྒྱུན་ཀ་རྡོར་སྒང་གསུམ་ལ་ཕྱོགས་བསྐྱོད་སྐབས་དགུང་ལོ་བདུན་བཅུ་ཡན་གྱི་རྒན་རྒོན་རྣམས་ཀྱི་སར་ཆེད་དུ་འཚམས་གཟིགས་ལ་ཕྱིན་སྟེ་རང་ལོ་གྱ་བདུན་ཡིན་པའི་བླ་བྲང་ཨ་ཁུ་འཇིགས་མེད་རྒྱ་མཚོའི་ནང་ལ་སོང་། ཁོང་ནི་སྤྱི་ལོ་༡༩༦༣ ལོར་བཙན་བྱོལ་ནང་ཆེས་ཐོག་མའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༼ མདོ་སྨད་ཆིག་སྒྲིལ་ཚོགས་པ  ༽གསར་འཛུགས་གནང་སྐབས་དྲུང་ཡིག་གི་ལས་འགན་བཞེས་མཁན་གྱི་རྒན་རབས་པ་ཞིག་རེད་འདུག 

ཁོང་རྡོ་རྗེ་གླིང་བོད་མིའི་བཟོ་གྲྭའི་གཞུང་ཁང་དོག་ཅིང་ཆུང་ལ་མི་ངོ་ཡང་མཐོང་ལ་མ་མཐོང་བའི་ཁང་ཆུང་ཞིག་གི་ནང་བཞུགས་འདུགསྐབས་དེར་ཁོང་གི་བུ་མོ་མོ་ནད་ཞིག་གི་རྐྱེན་པས་ཉལ་སར་ལྷུང་འདུག་ལ་མིག་གི་མི་མཐོང་བ་མ་ཟད་རྣའི་ཀྱང་མི་གོ་བའི་དགུང་ལོ་གྱ་བདུན་ཡིན་པའི་རྒན་རབས་པ་འདིས་རང་གི་བུ་མོའི་ནད་གཡོང་བྱེད་བཞིན་པའི་ངང་ཚུལ་དེ་མཐོང་སྐབས་སེམས་ནང་བཟོད་མི་ཐུབ་པའི་ན་ཟུག་ཞིག་དང་མིག་ནང་འགོག་མི་ཐུབ་པའི་མཆི་མ་ཞིག་དབང་མེད་དུ་ཤོར།ཁོང་གི་མིག་དང་རྣ་གསལ་བོ་མེད་རྐྱེན་ཁ་བརྡ་དེ་ཙམ་མང་པོ་བཤད་ཐུབ་མེད་མོད་ཁོ་རང་དགའ་སྣང་དང་དུངས་སེམས་ཀྱི་ཀློང་ནས་རྡོལ་པའི་མིག་ཆུ་རྡོག་པོ་དེ་ངའི་སེམས་ཁོངས་ན་ལྡིང་བཞིན་པའི་སྙིང་ཆུང་དམར་པོ་དེའི་ཟབ་སར་ཐིམས། ངེད་གཉིས་ཀྱིས་ཀྱང་རང་ཐག་རང་གཅོད་ཀྱིས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་གཞིའི་ནང་ཚན་ཉམས་ཐག་ཛ་དྲག་མ་དངུལ་ལས་ཧིན་སྒོར་ལྔ་སྟོང་ཐམ་པའི་ཞལ་འདེབས་ཕུལ་སྟེ་ཕྱིར་མགྲོན་ཁང་རུ་སོང་།

སྐབས་བཅུ་དྲུག་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྡོ་རྗེ་གླིང་ས་གནས་ཀྱི་ཉམས་ཐག་ཅན་ལ་རོགས་རམ་གནང་པའི་གྲངས་ཐོ།

ཨང་། ས་གནས། མཚན རོགས་དངུལ།
རྡོ་རྗེ་གླིང་། འཇིགས་མེད་རྒྱ་མཚོ། ལྔ་སྟོང་། / ༥༠༠༠

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ཕུར་བུ།, /09/ 21, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.