བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

ར་ཇུ་པོར་ས་གནས་ཀྱི་ཉམས་ཐག་རོགས་སྐྱོར་གྱི་གྲངས་ཐོ།

པར་འདེབས། PDF

ཉེ་སྔོན་མདོ་སྨད་དབུས་རྒྱུན་སྐབས་བཅུ་དྲུག་པའི་རྒྱུན་ལས་གཉིས་རེ་ས་གནས་ཆ་བགོས་ཀྱིས་ཕྱོགས་བསྐྱོད་ལ་ཕེབས་ཤིང་སྐབས་དེར་ས་གནས་ཁག་གི་ཉམ་ཐག་ནད་མནར་བགྲེས་སོང་དཀའ་ངལ་ཅན་ཁག་ཅིག་ལ་ཁམས་འདྲི་དང་སེམས་གསོའི་ཁ་ཏ་བསླབ་བྱ། དེ་བཞིན་དངུལ་གྱིས་རོགས་རམ་བྱས་ཡོད་ལ།

༡  ས་གནས་ར་ཇི་པོར་ཨ་མ་ལྷ་མོ་ཐར་ནི་ལོ་ན་༨༡ལ་སོན་པ་ནད་གཞི་ལྕི་མོ་ཞིག་བྱུང་ཡོད་པའི་སྐོར་ས་རྒྱུན་ཚོགས་གཙོ་བསོད་ནམས་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་དབུས་རྒྱུན་ཨ་རིག་དགེ་མཐོང་དང་བསོད་ནམས་དབང་མོ།ཕུན་ཚོགས་སྟོབས་ལྡན་གསུམ་ཕྱོགས་བསྐྱོད་དང་འབྲེལ་ནས་ཆེད་དུ་མོ་བསྡད་ས་ལ་ལྟ་རུ་སོང་བ་ན།མོའི་གཟུགས་པོ་སྐམ་ཞིང་དགྱེ་སྒུར་མི་ནུས་པ་དང་།བྲང་ཤ་སོགས་ཕར་རུད་པ་ལ་འབྱར་བ་ལྟ་བུར་བལྟས་ན་མིག་ཆུ་དབང་མེད་དུ་ཤོར་འགྲོ་བའི་གནས་སྟངས་ཧ་ཅང་སྐྱོ་བས་སེམས་གསོའི་སླད་དུ་ཧིན་སྒོར༥༠༠༠ཁ་ཐུག་སྤྲད་པ་དང་།རྗེས་སུ་དབུས་རྒྱུན་ལྷན་འཛོམས་ཀྱི་སྐབས་སུ་གྲོས་བསྡུར་བརྒྱུད་སླར་ཡང་ཧིན་སྒོར་༥༠༠༠སྟོང་དང་སྔ་ཕྱི་གཉིས་བསྡོམས་ཧིན་སྒོར་ཆིག་ཁྲི་ཡིས་རོགས་རམ་བྱས།

༢ གོང་གི་དབུས་རྒྱུན་གསུམ་ཕྱོགས་བསྐྱོད་སྐབས་སུ་ར་ཇི་པོར་གྱི་ཨ་ཁུ་སྐལ་བཟང་དོན་འགྲུབ་ལོ༨༠ཅན་དེ་དང་ཁ་བརྡ་བྱས་པ་ན་དེང་སང་ཁོའི་མིག་ན་ནས་གཤགས་བཅོས་བཏང་བས་དཀའ་ངལ་དངོས་ཡོད་རེད་ལ།ཁོ་རང་གི་སྤྱིར་བཏང་ཡིན་ན་དབུས་རྒྱུན་དང་སུ་ལ་ཡང་རོགས་དངུལ་ཞིག་སློང་མ་དགོས་ན་བསམ་ཡོད།འོན་ཀྱང་ད་ནི་དཀའ་ངལ་གྱི་དབང་གིས་དངུལ་ཏོག་ཙམ་གྱིས་རྒྱབ་སྐྱོར་གནང་ན་བཀའ་དྲིན་ཆེ་ཞེས་ལབ་བྱུང་།ཁོང་ལ་ཧིན་སྒོར༥༠༠༠སྟོང་གིས་རོགས་རམ་བྱས།

༣ དེ་བཞིན་དབུས་རྒྱུན་གསུམ་ཕྱོགས་བསྐྱོད་ལ་སང་ཉིན་ར་ཇི་པོར་གྱི་ཨ་ཁུ་སྐལ་བཟང་རྒྱ་མཚོ་ལོ་ན་༧༦ཁོང་ལ་ནད་གཞི་ལྕི་མོ་བྱུང་ནས་སྨན་ཁང་དུ་ས་རྒྱུན་ཚོགས་གཙོ་བསོད་ནམས་ཚེ་རིང་གིས་བསྐྱལ་འདུག་ལ།དགོང་མོ་ཁོང་རང་ཕྱིར་ཉལ་ས་ལ་བསླེབས་པ་ན་དབུས་རྒྱུན་འཚམས་འདྲི་དང་ལྷན་དུ་ལྟ་རུ་སོང་།སེམས་གསོ་དང་འབྲེལ་བའི་ཁ་བརྡ་མང་བོ་བྱས།གང་ལྟར་གནས་བབ་ལ་གཞིག་ནས་ཧིན་སྒོར་༥༠༠༠སྟོང་གིས་རོགས་སྐྱོར་བྱས།

སྐབས་བཅུ་དྲུག་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ར་ཇུ་པོར་ས་གནས་ཀྱི་ཉམས་ཐག་ཁག་ཅིག་ལ་རོགས་རམ་གནང་པའི་གྲངས་ཐོ།

ཨང་། ས་གནས། མཚན། རོགས་དངུལ།
ར་ཇི་པོར། ཨ་མ་ལྷ་མོ་ཐར། ཆིག་ཁྲི / ༡༠༠༠༠
ར་ཇི་པོར། ཨ་ཁུ་སྐལ་བཟང་དོན་འགྲུབ། ལྔ་སྟོང་། / ༥༠༠༠
ར་ཇི་པོར། ཨ་ཁུ་སྐལ་བཟང་རྒྱ་མཚོ། ལྔ་སྟོང་།  /  ༥༠༠༠

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ཕུར་བུ།, /09/ 21, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.