བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

ཤེས་ཡོན་ཉམས་ཐག་རོགས་སྐྱོར་སྐོར་གྱི་གསལ་བརྡ།

པར་འདེབས། PDF

སྐབས་བཅུ་དྲུག་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༥་ཟླཚེས་༢༧ཉིན་མདོ་སྨད་དབུས་རྒྱུན་ནང་ཁུལ་འདུ་འཛོམས་ཐེངས་དྲུག་པའི་སྟེང་ཤེས་ཡོན་ཉམས་ཐག་རོགས་སྐྱོར་གྱི་ལས་གཞིའི་སྒྲིག་གཞི་གསར་པ་གཏན་འབེབ་བྱེད་མ་ཐུབ་ཀྱང་དེ་སྔ་ཡོད་པའི་ཛ་དྲག་ཉམས་ཐག་མ་དངུལ་ཀྱི་སྒྲིག་གཞི་གཞིར་བཟུང་ཐོག་ ཤེས་ཡོན་དང་ཛ་དྲག་ཉམས་ཐག་ཅན་ཚོར་ཟླ་དེའི་ཚེས་༢༨་ནས་རོགས་སྐྱོར་གནང་འགོ་བརྩམས་ཡོད།འོན་ཀྱང་སྐབས་བཅུ་དྲུག་པའི་དབུས་རྒྱུན་ཕྱོགས་བསྐྱོད་སྐབས་ཀྱི་མི་མང་གི་བསམ་ཚུལ་གཞིར་བཟུང་སྟེ་དེ་སྔ་མདོ་སྨད་དབུས་རྒྱུན་སྐབས་བཅོ་ལྔ་བ་ནས་མཐོ་སློབ་འགྲིམས་བཞིན་པའི་སློབ་ཕྲུག་ཡོངས་ལ་ལོ་རེར་ཧིན་སྒོར་ཆིག་སྟོང་ཐམ་པའི་རྒྱུན་གྲོན་གནང་བཞིན་པ་དེ་མེད་པར་བཟོས་ཏེ་དེ་ལས་ཁ་ཚ་དགོས་གཏུགས་ཀྱིས་རོགས་སྐྱོར་དགོས་ངེས་ཅན་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་གྲོས་ཆོད་བཞག

དང་པོ།   ཤེས་ཡོན་རོགས་སྐྱོར་ཐད་ལ་དགོས་ངེས་ཀྱི་ཆ་རྐྱེན།

  ཁ་གསལ་གྱི་སྙན་ཞུ།

སྙན་ཞུའི་ནང་སློབ་ཡོན་གྱི་སྐོར་དང་རང་གཞུང་ནས་སློབ་ཡོན་ཅི་ཡོད་ཁ་གསལ་བྲི་དགོས་པ་མ་ཟད་དོ་བདག་རང་ཉིད་ཀྱི་ལོ་རྒྱུས་གསལ་བོར་ཕྲིས།

   མདོ་སྨད་ལག་ཁྱེར་བྱང་བུའི་ངོ་བཤུས།

   སློབ་གྲྭའི་ལག་ཁྱེར་གང་ཡོད་ཀྱི་ངོ་བཤུས།

   རང་ཁུངས་མདོ་སྨད་ས་རྒྱུན་གྱི་རྒྱབ་གཉེར།

   རང་ཁུངས་སློབ་གྲྭའི་ངོས་སྦྱོར།

གཉིས་པ།    ཛ་དྲག་ཉམས་ཐག་རོགས་སྐྱོར་ཐད་ལ་དགོས་ངེས་ཀྱི་ཆ་རྐྱེན།

  ཁ་གསལ་གྱི་སྙན་ཞུ།

སྙན་ཞུའི་ནང་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཀའ་ངལ་ཅི་ཡོད་ཁ་གསལ་ཕྲིས།

  མདོ་སྨད་ལག་ཁྱེར་བྱང་བུའི་ངོ་བཤུས།

   རང་ཁུངས་ས་རྒྱུན་གྱི་རྒྱབ་གཉེར།

མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

ཕྱི་ལོ་༢༠༡༥ཟླ ༡༠ ཚེས ༣༠ ཉིན།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་སྤེན་པ།, /11/ 25, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.