བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

དབུས་རྒྱུན་གཉིས་རེ་རིང་མིན་ས་ཁུལ་ཁག་ཏུ་ཕེབས་རྒྱུར་མི་འགྲོ་གཏན་འཁེལ་བྱས།

པར་འདེབས། PDF

གསར་དུ་ཕེབས་པའི་དབུས་རྒྱུན་སྐབས་བཅུ་དྲུག་པ་ས་གནས་ཁག་ཏུ་འཚམས་འདྲིའི་ཕྱོགས་བསྐྱོད་ལ་ཕེབས་དགོས་པ་གལ་ཆེར་སོང་། དབུས་རྒྱུན་གཉིས་རེ་རིང་མིན་ས་ཁུལ་ཁག་ཏུ་ཕེབས་རྒྱུར་མི་འགྲོ་གཏན་འཁེལ་བྱས།

༡༽ ཀ་རྡོར་སྒང་གསུམ་དང་ཤེས་ལོངས། རྒྱལ་ས་ལྡི་ལི་ས་གནས་བཅས་སུ་དབུས་རྒྱུན་ཚོགས་གཙོ་དགེ་བཤེས་གངས་རི་དང་། དབུས་རྒྱུན་ཁྲི་སྲོང་རྡོ་རྗེ། དབུས་རྒྱུན་ཆོས་འཕེལ་བཅས་སུ་གཏན་འཁེལ།

༢༽ ལྷོ་ཕྱོགས་གཞིས་ཆགས་ཁག་གསུམ་དུ་དབུས་རྒྱུན་ལྷ་དབང་དང་།དབུས་རྒྱུན་ཀརྨ་དགེ་ལེགས་གཉིས་སུ་གཏན་འཁེལ།

༣༽རྡེ་ར་རྡུན་ཁུལ་དུ་དབུས་རྒྱུན་བསོད་ནམས་དབང་མོ་དང་།དབུས་རྒྱུན་ཨ་རིག་དགེ་མཐོང་།དབུས་རྒྱུན་ཕུན་ཚོགས་སྟོབས་ལྡན་བཅས་སུ་གཏན་འཁེལ།

༤༽སིམ་ལ་དང་བོན་གཞིས།མི་ན་ལེ།བྷེར་ས་གནས་སོགས་སུ་དབུས་རྒྱུན་སྤྱི་འཐུས་རྨོག་རུ་བསྟན་པ་དང་།དབུས་རྒྱུན་ཁྲི་སྲོང་རྡོ་རྗེ་གཉིས་སུ་གཏན་འཁེལ་བྱུང་།

༥༽བལ་ཡུལ་ས་གནས་སུ་དབུས་རྒྱུན་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་དང་།དབུས་རྒྱུན་ཚོགས་གཞོན་ཆོས་འཛིན་གཉིས་སུ་གཏན་འཁེལ་བྱུང་།

འཚམས་འདྲི་ཕྱོགས་བསྐྱོད་ཀྱི་བརྗོད་གཞི་དབུས་ནས་གཅིག་གྱུར་བཟོ་རྒྱུ་དང་།ཕྱོགས་བསྐྱོད་དུ་ཕེབས་ཚེས་སོགས་ཕྱི་ཟླ་༨ ཚེས་༡༠ ནས་བཟུང་རང་རང་གིས་དུས་ཚོད་ཁོམ་སྐབས་དང་བསྟུན་ཕེབས་རྒྱུ་བཅས།

ཕྱི་ལོ ༢༠༡༥ ཟླ་༨ ཚེས་༢ཉིན།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ཕུར་བུ།, /09/ 21, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.