བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

སྐབས་བཅུ་དྲུག་པའི་དབུས་རྒྱུན་ལྷན་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་མོས་ཀྱིས་ཐག་ཆོད་བྱུང་བའི་ཚིག་ཐོ་ཁག

པར་འདེབས། PDF

༡༽ཉེ་ཆར་སྐབས་བཅོ་ལྔ་བའི་དབུས་རྒྱུན་གཉིས་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་མདོ་སྨད་དབུས་རྒྱུན་གྱི་ཚོགས་ཆེན་གྱི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུར་བཅར་སྐབས། སྐུ་ངོ་མཆོག་གིས་ངེད་རང་ཚོགས་ཆེན་དུ་བཅར་ནས་དམིགས་བསལ་བཀའ་སློབ་གནང་རྒྱུ་མེད་མོད།ངེད་ཀྱིས་བྲིས་པའི་དེབ་དེ་ཁྱེད་རང་ཚོས་ཀློག་རྒྱུ་གལ་ཆེན་པོ་ཡིན་པ་དང་།

དེབ་ཀྱི་བརྗོད་བྱ་དང་འབྲེལ་བའི་ཐད་དྲི་བ་བྱེད་ཐུབ་ཚེ་གལ་ཆེ་ཡིན་པའི་དགོངས་ཚུལ་ཡང་སེ་གསུངས་པ་ལྟར། སྐབས་བཅུ་དྲུག་པའི་དབུས་རྒྱུན་ངོས་ནས་སྐུ་ངོ་མཆོག་གི་སྐུ་ཚེ་ལོ་རྒྱུས་ཁ་གསལ་དུ་བཟོ་རྒྱུ་གལ་ཆེ་ཡིན་པའི་གནས་བབ་འོག་དབུས་རྒྱུན་ཚོགས་གཙོ་དགེ་བཤེས་གངས་རི་དང་། དབུས་རྒྱུན་ཁྲི་སྲོང་རྡོ་རྗེ། དབུས་རྒྱུན་ཆོས་འཕེལ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཞིག་གཏན་འཁེལ་བ་དང་། ཚོགས་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་དབྱིན་ཅི་ཚད་ལྡན་ཤེས་མཁན་གྱི་མི་འགྲོ་རོགས་པ་ཞིག་དགོས་མིན་གྱི་དབང་ཚད་ཚོགས་ཆུང་ལ་ཡོད་པ་དང་། ལས་དོན་འགོ་འཛུགས་དང་། ལས་དོན་མཐའ་འཁྱོངས་གནང་རྒྱུ་སོགས་ཀྱི་འགན་འཁུར་ཆ་ཚང་ཚོགས་ཆུང་རང་ངོས་ནས་ཐག་གཅོད་གནང་རྒྱུ་བྱས་ཡོད།

༢༽ ཚོགས་ཆུང་གི་ངོས་ནས་ཀ་རྡོར་སྒང་གསུམ་ཁུལ་དང་ཤེས་ལོངས་ས་གནས་སུ་འཚམས་འདྲིའི་ཕྱོགས་བསྐྱོད་དང་། ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་བཞིན་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླག་ཏུ་སོང་བར་བརྩད་གཅོད་བྱེད་རྒྱུ་སོགས་ཀྱི་འགན་འཁུར་གནང་རྒྱུ་གནང་།

ཕྱི་ལོ་༢༠༡༥་ཟླ་༧ ཚེས་༢༥ཉིན།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་སྤེན་པ།, /11/ 25, 2017
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.