བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

རྒྱ་ནག་དམར་ཤོག་ཚོགས་པ་དང་ དེའི་སྒྲིག་འཛུགས་གྲུབ་སྟངས།

རྒྱ་ནག་དམར་ཤོག་ལ་ངོ་བསྟོད་བྱེད་མཁན་ཚོའི་བཤད་སྟངས་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་ནི་ཉལ་ཐའི་དམག་འཁྲུག་ནས་བཟུང་རྒྱ་ནག་དེ་དབུལ་ཕོངས་ཉམས་ ཞན་གྱི་གནས་བབས་ལས་བསྐྱབས་ཏེ། སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཐུབ་མཁན་གྱི་གཞུང་འཛིན་ཚོགས་པ་ ཁོ་ན་ཉིད་དེ་ཡིན་པ་དང༌། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས།

འགྲོ་བ་མིའི་ལོ་རྒྱུས་སྟེང་མི་འབོར་མང་ཤོས་དབུལ་ཕོངས་མཚམས་ཐིག་ལས་ཐར་སྒྲོལ་ གྱི་ཟིན་ཐོ་སྐྲུན་མཁན་ཞིག་ཡིན་ལུགས་སྒྲོག་གིན་ཡོད། འོན་ཀྱང༌། རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་བྱེད་སྟངས་དེ་ " ཚོགས་པ་གཅིག་གིས་སྲིད་ དབང་སྒེར་འཛིན་ " ཡིན་པའི་ཐད་སུ་ཞིག་གིས་ཀྱང་ཀླན་འཚོལ་མི་བྱེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་ཧ་ཅང་མགྱོགས་ནའང༌། ཁྲིམས་ལུགས་དབང་བསྒྱུར་དང༌། ཆབ་སྲིད་བཅོས་བསྒྱུར། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལམ་ལུགས་སྐུལ་འདེད་ཀྱི་གོམ་སྟབས་ཤིན་ཏུ་ དལ་བ་དང༌། དེ་ལས་ལྡོག་སྟེ། དཔལ་འབྱོར་གོང་སྤེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཚད་ལས་བརྒལ་བའི་དམ་འཛིན་བྱེད་ ཅིང༌། དུས་རིམ་ཐོག་མའི་དམར་ཤོག་རྒན་རབས་ཚོའི་གུང་ཁྲན་རིང་ལུགས་ལ་དད་མོས་བྱེད་པའི་ ལྟ་སྤྱོད་དོར་ཏེ། ད་ཆ་འཕྲལ་ཁེ་གཙིགས་སུ་འཛིན་པའི་སྲིད་དོན་ཚོགས་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་མགོ་ཁྲིད་ཚོར་མི་འབོར་བྱེ་བ་དུ་མ་དུས་མིན་ འཆི་རྐྱེན་དུ་གྱུར་པའི་ནོར་འཁྲུལ་གྱི་འགན་གཡོལ་ཐབས་མེད་པ་དང༌། བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་དཔལ་འབྱོར་དར་རྒྱས་དེའང་དམར་ཤོག་ཚོགས་མི་ དང་མ་རྩ་ཅན་ཚོས་ཞིང་པ་དང་ཉམ་ཐག་ཚོགས་སྡེ་ལ་བཤུ་གཞོག་བྱས་པའི་རྨང་གཞིའི་ སྟེང་བསྐྲུན་པ་ཞིག་དང༌། དམར་ཤོག་ཚོགས་པའི་རྗེས་རབས་པ་ཚོས་ཉེ་དགའ་ཕྱོགས་ཞེན་གྱི་Nepotism འབྲེལ་བ་ལ་བརྟེན་པའི་ཁེ་ཕན་དང་གོ་གནས་བཟུང་སྟེ། རྒྱ་ནག་གི་དཔལ་འབྱོར་གྱི་སྲོག་རྩ་བདག་གིར་བཟུང་ཡོད་པ་དང༌། རྒྱ་གཞུང་གི་སྲིད་ཇུས་འགའ་ཤས་ཀྱིས་ཁོར་ཡུག་དང་རིག་གཞུང༌། མི་འབོར་གྲུབ་ཆར་གཏོར་སྐྱོན་བཏང་ཡོད་པའི་སྒྲུབ་བྱེད་བཀོད་ཡོད།➂➃ ནུབ་ཕྱོགས་པའི་མཁས་པ་མང་པོས་རྒྱ་ནག་གིས་དེང་སང་མར་ཁེ་སིའི་གུང་ཁྲན་རིང་ ལུགས་ཀྱི་ལྟ་གྲུབ་ཉུང་ཤས་ཤིག་ལས་རྒྱུན་འཛིན་བྱེད་ཀྱི་མེད་པའི་ངོས་འཛིན་ བཞིན་ཡོད་ལ། A. James Gregor དེང་སང་གི་རྒྱ་ནག་དེ་དབང་ཆ་གཅིག་སྡུད་དང་འདུ་ཤེས་འཛིན་སྟངས་བཏང་འཛིན་ཐད་ " ཧྥ་ཤི་སིའི་ " ཁྱད་ཆོས་ལྡན་ཡོད་པས། དེང་རབས་ " ཧྥ་ཤི་སི " འི་ཁོངས་སུ་བཀར་ཡོད།

༡༽ སྒྲིག་འཛུགས་གྲུབ་སྟངས།

༡། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན། རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དབང་འཛིན་ཚོགས་འདུ་སྟེ། ལོ་ལྔ་རེར་ཐེངས་རེ་འཚོགས་པ་དང༌། དབུས་འཐུས་མི་ལྷན་ཚོགས་ནས་སྡུད་སྐོང་བྱེད། དབུས་འཐུས་མི་ལྷན་ཚོགས་ཀྱིས་དགོས་གལ་མཐོང་བའམ། ཞིང་ཆེན་རིམ་པའི་སྒྲིག་འཛུགས་གསུམ་ཆ་གཉིས་ཡན་གྱིས་རེ་འདུན་བཏོན་ཚེ། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྔ་སྣུར་གྱིས་སྐོང་ཆོག་པ་དང༌། དམིགས་བསལ་གྱི་གནས་ཚུལ་བྱུང་ན་མ་གཏོགས། ཚོགས་འདུ་ཕྱིར་འགྱངས་བྱས་མི་ཆོག ལས་འགན་གཙོ་བོ་ནི། གནད་དོན་འགངས་ཆེན་ལ་གྲོས་བསྡུར་དང་ཐག་གཅོད། ཏང་གི་སྒྲིག་གཞིར་བཟོ་བཅོས། དབུས་འཐུས་མི་ལྷན་ཚོགས་ཀྱི་འཐུས་མི་དང༌། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་འདེམས་བསྐོ་སོགས་ཡིན།

༢། དབུས་འཐུས་མི་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས།ཀྱི་སྒྲིག་འཛུགས། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་མ་འཚོགས་པའི་སྐབས་སུ་དེའི་ དབང་ཚད་ཁྱབ་བསྒྱུར་བྱེད་མཁན་གྱི་ལས་ཁུངས་ཏེ། ལས་ཁུར་ཡུན་ཚད་ཚོགས་ཆེན་དེ་དང་གཅིག་མཚུངས་ཡིན། དབུས་འཐུས་མི་ལྷན་ཚོགས་ཀྱི་འཐུས་མི་དང་རྗེས་སྣོན་འཐུས་མི་རྣམས་ལ་ཏང་ནང་ ཞུགས་པའི་ཞབས་ལོ་ཧྲིལ་པོ་༥ ཡན་ཚང་དགོས་པ་དང༌། དབུས་འཐུས་མི་ལྷན་ཚོགས་ཀྱི་འཐུས་མི་འདས་གྲོངས་སུ་ཕྱིན་པ་སོགས་ས་མིག་སྟོང་པ་ ཐོན་ཚེ། རྗེས་སྣོན་ཨུ་ཡོན་གྱི་འོས་ཐོབ་མང་ཉུང་བང་རིམ་གཞིར་བཟུང་ཁ་གསབ་བྱེད་དགོས། དབུས་འཐུས་མི་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་འདུ་དེ་ལོ་རེར་ཐེངས་རེ་འཚོགས་ དགོས་པ་དང༌། དབུས་ཆབ་སྲིད་ཅུས་ཀྱི་སྡུད་སྐོང་བྱེད་པ་ཡིན།རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཧྲུའུ་ཅི། ༡༩༨༢ ལོར་ཏང་གི་ཚོགས་ཆེན་སྐབས་༡༢ སྟེང་གཏན་འབེབས་བྱས་པའི་ལས་གནས་ཤིག་སྟེ། ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་ཤོས་དེ་ཡིན་ཞིང༌། ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ཆབ་སྲིད་ལམ་ལུགས་འོག རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་ཤོས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཀྱི་མགོ་ཁྲིད་མཐོ་ཤོས་ཀྱང་ཡིན།

རྒྱ་ནག་དབུས་ཧྲུའུ་ཅི་ཁྲུའུ།

༡༩༨༧ ལོར་འཚོགས་པའི་ཏང་གི་ཚོགས་ཆེན་༡༣ སྟེང་དབུས་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཁོངས་གཏོགས་ཀྱི་དོན་བྱེད་ལས་ཁུངས་ ཤིག་ཏུ་བཅོས་སྒྲིག་གཏན་འབེབས་བྱས་པ་ཞིག་ཡིན་ཞིང༌། དེའི་མི་འགྲོ་རྣམས་དབུས་ཆབ་སྲིད་ཅུས་རྒྱུན་ལས་ཀྱིས་མིང་འདོན་བྱས་ཏེ། དབུས་འཐུས་མི་ལྷན་ཚོགས་སྟེང་གྲོས་འཆམ་བྱེད་དགོས།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུས།

༡༩༢༧ ལོ་ནས་བཙུགས་པ་ཞིག་ཡིན་ཞིང༌། ༡༩༤༩ རྗེས། དབུས་ཆབ་སྲིད་ཅུས་དང་ཧྲུའུ་ཅི་ཁྲུའུ་རུ་བདམས་ཐོན་བྱུང་བའི་མི་འགྲོ་རྣམས། རྒྱལ་ཡོངས་དམངས་འཐུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང༌། རྒྱལ་ཡོངས་སྲིད་གྲོས། དབུས་དམག་དོན་ཨུ་ལྷན་བཅས་རྒྱལ་ཁབ་ལས་ཁུངས་དང༌། དབུས་གཞུང་གི་བློན་ཆེན་ལས་ཁུངས། ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་བཅས་སུ་མགོ་ཁྲིད་གཙོ་བོའི་ལས་ཁུར་ལེན་མཁན་ ཡིན་ཞིང༌། དེའི་ནད་ཚུད་ཚེ། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་ཞེས་འབོད་ཀྱིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུས་རྒྱུན་ལས་ལྷན་ཚོགས། དམར་ཤོག་ཚོགས་པའི་སྒྲིག་གཞིའི་ནང་དུ། དབུས་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ནི་དབུས་འཐུས་མི་ལྷན་ཚོགས་མ་འཚོགས་པའི་ སྐབས་སུ་དེའི་འགན་དབང་ཁྱེར་མཁན་ཡིན་ཟེར་བ་ཙམ་ལས། ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ལ་དབང་ཚད་ཅི་ཡོད་ཟུར་བཅད་དོན་ཚན་ཞིབ་ཕྲ་གང་ཡང་ གཏན་འཁེལ་བྱས་མེད་ཀྱང༌། སྤྱི་ཁྱབ་ཧྲུའུ་ཅི་ནི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཡིན་དགོས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་བགྲེས་གཞོན་དང༌། རྒྱལ་ཡོངས་དམངས་འཐུས་ཀྱི་ཚོགས་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། དབུས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི། སྲིད་བློན་དང་རྒྱུན་ལས་སྲིད་བློན་གཞོན་པ་དང་པོ། སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དང་དབུས་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ སོགས་ཀྱི་གོ་གནས་ཁྱེར་མཁན་དེ་དག་ཕལ་ཆེ་བ་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ ཡིན་དགོས་པས། རྒྱ་ནག་གི་དབང་ཆ་ཡོངས་སུ་རྫོགས་པ་སྒྲིག་འཛུགས་འདིའི་ལག་ཏུ་བཞག་ཡོད། ༢༠༠༢ ལོར་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་རྗེས། རྒྱུན་ལས་མི་༧ ལས་༩ ལ་སྤར་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་དོན་ལྷན་ཚོགས།

རྒྱ་ནག་གི་དྲག་དཔུང་ལ་དབང་སྒྱུར་བྱེད་མཁན་གྱི་ལས་ཁུངས་མཐོ་ཤོས་ཏེ། སྤྱི་ཁྱབ་དྲག་ཇུས་པུའུ་དང༌། སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་མཁོ་སྒྲུབ་པུའུ། སྤྱི་ཁྱབ་གོ་མཚོན་པུའུ་བཅས་སྤྱི་ཁྱབ་ལས་ཁུངས་བཞི་བརྒྱུད་དེ། རྒྱ་ནག་གི་དྲག་པོའི་ལས་དོན་ཡོངས་རྫོགས་ལ་ཁ་ལོ་སྒྱུར་བཞིན་ཡོད། རྒྱ་ནག་གི་རྩ་ཁྲིམས་སུ་ " ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་དམག་དོན་ ལྷན་ཚོགས་ " ཟེར་བ་ལས། " དབུས་དམར་ཤོག་ཚོགས་པའི་དམག་དོན་ལྷན་ཚོགས་ " ཟེར་བ་ཞིག་མེད་མོད། འདི་གཉིས་ཀྱི་ཀྲུའུ་ཞི་གཙོ་གཞོན་རྣམས་ཕལ་ཆེ་བ་གཅིག་མཚུངས་ཡིན་པས། ལས་ཁུངས་གཅིག་ལ་ " སྒོ་བྱང་གཉིས་ " ཞེས་ཟེར་སྲོལ་ཡོད་པ་དང༌། རྒྱ་གཞུང་གི་བཀའ་རྒྱ་དང་ཡིག་ཆ་ཁག་ཏུ་དབུས་དམག་དོན་ལྷན་ཚོགས་ཞེས་གཉིས་ཆ་ལ་ གོ་ཆོག་པའི་ཐ་སྙད་འདི་བེད་སྤྱོད་གཏོང་གིན་ཡོད། རྒྱ་ནག་རྒྱལ་ཡོངས་དེ་དམག་ཁུལ་ཆེན་པོ་བདུན་དུ་བགོས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང༌།

རྒྱ་ནག་དམར་ཤོག་ཚོགས་པའི་ཞིབ་དཔྱོད་རྟོག་ཞིབ་སྡེ་ཚན་ཞིག་སྟེ། དམར་ཤོག་ཚོགས་མིའི་ཀུན་སྤྱོད་དང༌། ཏང་གི་སྒྲིག་གཞི་ལ་ལྟ་སྐུལ་དང༌། ལྐོག་ཟ་རུལ་སུངས་འགོག་རྒོལ་གྱི་ལས་འགན་གཙོ་བོར་བྱེད་པ་དང༌། ས་གནས་སུ་སྲིད་གཞུང་ཁོངས་གཏོགས་ཀྱི་ཞིབ་དཔྱོད་ཁང་དང་མཉམ་དུ་ལས་དོན་སྤེལ་ བཞིན་ཡོད། ཨུ་ལྷན་འདི་རྒྱལ་ཁབ་ཀྱི་ལས་ཁུངས་མིན་ལ། རྩ་ཁྲིམས་སུ་འགན་དབང་གང་ཡང་བཀོད་མེད་ནའང༌། སྐབས་རེར་ཞིབ་དཔྱོད་ཁང་གི་ཚབ་ཏུ་གཞུང་ཞབས་ལས་བྱེད་ལ་ཞིབ་བཤེར་བྱེད་པ་དང༌། སྐབས་རེར་སྤྱི་བདེ་ཚན་པའི་ཚབ་བྱས་ཏེ། ཉེས་དོན་བརྩད་ཞིབ་ཀྱང་བྱེད་ཀྱི་ཡོད།

ས་གནས་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན།

འདི་ལ་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་འཐུས་མི་ཚོགས་ཆེན་དང༌། རིམ་པ་བཞིན་གཤམ་དུ་ས་ཁུལ་དང༌། རྫོང་གི་འཐུས་མི་ཚོགས་ཆེན་ཞེས་འབོད་ལ། རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་དང་དེ་ལས་བྱུང་བའི་ཨུ་ཡོན་ལྷན་ཚོགས་ནི་ས་ གནས་རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་ཡིན། ཨུ་ཡོན་ལྷན་ཚོགས་ཀྱིས་རིམ་པ་དེ་གའི་ཏང་གི་འཐུས་མི་ཚོགས་ཆེན་ལ་འགན་ཁུར་བའི་ ཐོག་ནས་ལས་བསྡོམས་སྙན་ཞུ་འབུལ་དགོས། རིམ་པ་སོ་སོའི་འཐུས་མི་ལྷན་ཚོགས་དང་དེའི་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་རྣམས་ ཏང་གི་སྒྲིག་འཛུགས་ཀྱི་དམིགས་འདོན་བྱས་པ་བཞིན་གསང་བའི་འོས་ཤོག་བསྡུས་ཏེ་ འདེམས་བསྐོ་བྱེད་པ་ཡིན། དམར་ཤོག་ཚོགས་པའི་ས་གནས་རིམ་པ་སོ་སོའི་རྒྱས་འཛོམས་ཚོགས་ཆེན་དེ་ལོ་རེར་ཉུང་ མཐར་ཐེངས་གཉིས་རེ་འཚོགས་དགོས་པ་དང༌། ཚོགས་ཆེན་དེས་རིམ་པ་སོ་སོའི་རྒྱུན་ལས་དང༌། ཧྲུའུ་ཅི་གཙོ་གཞོན་བདམས་ཏེ། རིམ་པ་གོང་མའི་ཏང་ལ་ཨུ་ཆོག་མཆན་ཞུས་འཁྲོལ་གྱིས་ལས་འགན་ལེན་དགོས།

ས་གནས་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཚོགས།

འདིར་ཏང་ཨུ་ཡང་ཟེར། ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས། ཆུས་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་ ལ་ཏང་ནང་ཞུགས་པའི་ཞབས་ལོ་ཧྲིལ་པོ་༥ ཡན་ཚང་དགོས་པ་དང༌། རྫོང་དང་རང་སྐྱོང་རྫོང༌། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་བཅས་ཀྱི་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་དང་ རྗེས་སྣོན་འཐུས་མི་ལ་ཏང་ནང་ཞུགས་པའི་ཞབས་ལོ་ཧྲིལ་པོ་༣ ཡན་ཚང་དགོས། ས་གནས་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་མ་འཚོགས་པའི་སྐབས་སུ། ཨུ་ཡོན་ལྷན་ཚོགས་ཀྱིས་དེའི་འགན་དབང་འཁུར་ཏེ། རིམ་པ་གོང་མའི་ཏང་གི་སྒྲིག་འཛུགས་ཀྱི་ལམ་སྟོན་དང༌། རིམ་པ་དེ་མཚུངས་ཀྱི་ཏང་གི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་བྱེད་དགོས་པ་དང༌། ས་གནས་དེ་གའི་ལས་དོན་ལ་མགོ་འཁྲིད་དེ། དུས་བཅད་ལྟར་རིམ་པ་གོང་མའི་ཏང་གི་སྒྲིག་འཛུགས་ལ་ལས་བསྡོམས་སྙན་ཞུ་འབུལ་ དགོས། ༡༩༨༢ ནས་༡༩༩༢ ལོ་བར། ཏང་གི་འཐུས་མི་ཚོགས་ཆེན་སྐབས་གཉིས་རིང༌། དབུས་བློ་འདོན་ལྷན་ཚོགས་ཟེར་བ་ཞིག་བཙུགས་ཏེ། མགོ་ཁྲིད་རྒན་པ་སྐོར་ཞིག་དེའི་ནང་བཅུག་པ་དང༌། ཏིན་ཞའོ་ཕིན་དང་ཁྲིན་ཡུན་གཉིས་ཚོགས་གཙོར་བསྐོས་འདུག་ཀྱང༌། དེའི་རྗེས་ཕྱིར་བསྡུ་བྱས་འདུག ༢༽ མགོ་ཁྲིད་ལམ་ལུགས། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་གཞི་ལྟར་ན།

ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེ་ལས་བྱུང་བའི་དབུས་ འཐུས་མི་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས།ནི་ཏང་གི་ཆེས་མཐོའི་མགོ་ཁྲིད་ ལས་ཁུངས་ཡིན།དོན་ཚན་༡༠ ལོ་ལྔ་རེར་ཚོགས་ཆེན་རེ་བསྐོང་རྒྱུ།

རྒྱལ་ཡོངས་འཐུས་མི་ཚོགས་ཆེན་མ་ཚུགས་པའི་སྐབས་སུ། དབུས་འཐུས་མི་ལྷན་ཚོགས་ཀྱིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་གཏན་འབེབས་བྱས་ པའི་གྲོས་ཆོད་ལག་བསྟར། ཏང་གི་ལས་དོན་ཡོད་ཚད་ལ་མགོ་ཁྲིད་དང༌། ཕྱི་ཕྱོགས་སུ་གུང་ཁྲན་ཏང་གི་ངོ་ཚབ་བྱེད་དགོས།དོན་ཚན་༢༡ དབུས་འཐུས་མི་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་རེ་བསྐོང་རྒྱུ། ཚོགས་ཡུན་ཉིན་གཉིས་ནས་གསུམ་ཡིན།

དབུས་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ལྷན་ཚོགས་ཀྱིས་དབུས་འཐུས་མི་ལྷན་ཚོགས་ ཀྱི་རྒྱས་འཛོམས་ཚོགས་ཆེན་མ་ཚོགས་པའི་དུས་སྐབས་སུ་དབུས་འཐུས་མི་ལྷན་ཚོགས་ ཀྱི་འགན་དབང་འཁུར་དགོས།དོན་ཚན་༢༢ དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དུས་ཚོད་ངེས་མེད་དུ་སྐོང་ཆོག ཚོགས་མི་༢༠ རྩ་གྲངས་ཁྲོད། ཐད་གཏོགས་གྲོང་ཁྱེར་གྱི་ཧྲུའུ་ཅི་སོགས་ནམ་རྒྱུན་པེ་ཅིན་དུ་མེད་སྟབས། སྔོན་ཚུད་ལས་རིམ་གཏན་འབེབས་བྱས་ཟིན་རིགས་ཕུད། གནད་དོན་གལ་ཆེན་ཁག་ཀྱང་རྒྱས་འཛོམས་ཚོགས་འདུ་སྐོང་ཐུབ་ཀྱི་མེད་ལ། སྐོང་གི་ཡང་མེད།

དབུས་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་ཚོགས་འདུ་ཚུགས་མེད་པའི་སྐབས་སུ། དབུས་ཆབ་སྲིད་ཅུས་རྒྱུན་ལས་ཀྱིས་དེའི་འགན་དབང་འཁུར་ཏེ། ཏང་དང་སྲིད་གཞུང་གི་ཉིན་རྒྱུན་གྱི་ལས་དོན་ཆེ་ཆུང་ཚང་མ་ཐག་གཅོད་བྱེད་དགོས་ ཤིང༌། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གི་སྲོག་ཤིང་ངམ་ཆེས་མཐོའི་དབང་ འཛིན་ལས་ཁུངས་ངོ་མ་ཡིན། འདི་ལྟར་ཚོགས་འདུ་རེ་རེའི་དབང་ཆ་རིམ་པ་བཞིན་བསགས་ཏེ། མཐར་དབུས་ཆབ་སྲིད་ཅུས་རྒྱུན་ལས་སྟེང་སྤུངས་ཡོད། སྒྲིག་གཞིའི་ནང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་དབུས་ཆབ་སྲིད་ཅུས་ཀྱི་ཡང་ དག་མ་ཡིན་པའི་ཐག་གཅོད་ལ་ཆོད་སློག་བྱས་ཆོག་ཀྱང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཚུན་དུ་གནས་ཚུལ་དེ་རིགས་ཐེངས་ གཅིག་ཀྱང་བྱུང་མྱོང་མེད།

དམར་ཤོག་ཚོགས་པའི་ས་གནས་སོ་སོའི་འཐུས་མི་ཚོགས་ཆེན་མ་ཚུགས་པའི་སྐབས་སུ། རིམ་པ་གོང་མས་ཏང་གི་སྒྲིག་འཛུགས་ཀྱིས་དགོས་གལ་ལ་གཟིགས་ཏེ། རིམ་པ་འོག་མའི་ཏང་གི་སྒྲིག་འཛུགས་ཀྱི་འགན་ཁུར་བ་གནས་སྤོས་སམ་བསྐོ་གཏོང་བྱས་ ཆོགདོན་ཚན་༡༣ ལས་བྱེད་འཕོ་ལེན་གྱི་དབང་ཚད་དེས་རྒྱ་ནག་དམར་ཤོག་གིས་སྟེང་ནས་གཤམ་དུ་ཚོད་ འཛིན་གྱི་དབང་ཤུགས་ཁག་ཐེག་བྱས་ཡོད་པ་དང༌། ཀྲུང་དབྱང་གིས་རིམ་པ་འོག་མའི་མགོ་ཁྲིད་མི་སྣ་སྐབས་འཕྲལ་སོ་སོར་བརྗེ་བསྒྱུར་ བྱས་ཆོག ༣༽ དམར་ཤོག་ཚོགས་མིའི་གྲངས་འབོར་དང་གྲུབ་ཚུལ། ༢༠༠༧ ལོའི་སྡོམ་རྩིས་གྲངས་འབོར་ལྟར་ན། དམར་ཤོག་ཚོགས་མིའི་སྒྲིག་འཛུགས་གྲུབ་སྟངས་ཀྱི་གྲུབ་ཆ་ཆེ་ཤོས་བཞི་ནི་རིམ་པ་ བཞིན་ཞིང་པ་དང༌། ཤེས་ཡོན་ཅན། རྒས་ཡོལ་མི་སྣ། བཟོ་བ་བཅས་ཡིན། ཚོགས་མི་ཁྲི་༧༣༣༦ ཡོད་པའི་ཁོངས། ཞིང་འབྲོག་པ་ཁྲི་༢༣༡༠ དང་བརྒྱ་ཆའི་༣༡་༥ ཤེས་ཡོན་ཅན་ཁྲི་༢༡༣༤ དང་བརྒྱ་ཆའི་༢༩་༡ རྒས་ཡོལ་དང་ལས་ཁྱུར་མི་སྣ་ཁྲི་༡༣༧༧ དང་བརྒྱ་ཆའི་༡༨་༨ བཟོ་བ་ཁྲི་༧༩༦ དང་བརྒྱ་ཆའི་༡༠་༨ ཟིན་པ་དང༌། གཞན་དམག་མི་དང་ཉེན་རྟོག་མི་སྣ་བརྒྱ་ཆའི་༢་༢ དང༌། རིམ་པ་སོའི་སློབ་གྲྭའི་སློབ་མ་བརྒྱ་ཆའི་༢་༦ ལས་རིགས་གཞན་གྱི་བརྒྱ་ཆའི་༡ ཙམ་དང༌། སྤྱི་བ་མ་ཡིན་པའི་ཁེ་ལས་ཀྱི་དམར་ཤོག་ཚོགས་མི་ཁྲི་༣༠༠ ལྷག་ཡོད།

༤༽ ད་ལྟའི་མགོ་ཁྲིད།

རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཧྲུའུ་ཅི། ཧུའུ་ཅིན་ཐའོ།རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུས་ཀྱི་འཐུས་མི། ༢༥ ཞི་ཅིན་ཕིན། ཝང་ཀང༌། ཝང་ལོ་ཆོན། ཝང་ཀྲའོ་གོ ཝང་ཆི་ཧྲན། ཧོས་ལེའང་ཡུས། ལིའུ་ཆི། ལིའུ་ཡུན་ཧྲན། ལིའུ་ཡན་ཏུང༌། ལིས་ཁྲང་ཁྲུན། ལི་ཁེ་ཆང༌། ལི་ཡོན་ཁྲའོ། ཝུའུ་པང་གོ། ཝང་དབྱང༌། ཀྲང་ཀའོ་ལི། ཀྲང་ཏེ་ཅང༌། ཀྲོའུ་ཡུན་ཁང༌། ཧུའུ་ཅིན་ཐའོ། ཡུས་ཀྲིན་ཧྲིན། ཧོ་གོ་ཆང༌། ཅ་ཆིན་ལིན། ཞུས་ཚའེ་ཧོའུ། གོ་པོ་ཞུང༌། ཝུན་ཅའོ་པའོ། པོ་ཞི་ལའེ།

མཆན།

  • གནས་སྐབས་སུ་མཆན་མི་འདུག

ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ།

སྐུ་མགྲོན།
གཟའ་ལྷག་པ།, /02/ 20, 2019
0 ཡིག་འབྲུ།
མཆན་སྤེལ་ན་འདི་ངེས་པ་བྱོས།.