བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པར་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཁོངས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

མདོ་སྨད་འཛམ་ཐང་ནས་བོད་རིགས་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ད་ལྟ་རང་མདོ་སྨད་འཛམ་ཐང་ནས་རང་ལོ་ ༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ལགས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོིར་འཁྲུལ་ཅན་གྱི་སྲིད་བྱུང་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

མདོ་སྨད་དམིགས་བསལ་ཚོགས་ཆེན་དྷ་སར་འཚོགས་པ།

པར་འདེབས། PDF

altཟླ་འདིའི་ཕྱི་ཚེས་ ༡༤ དང་ ༡༥ གཉིས་ལ་ངྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་དམིགས་བསལ་ཚོགས་ཆེན་བསྐོངས་འཚོགས་གནང་ཡོད་ལ། ཉིན་གཉིས་རིང་གི་ཚོགས་ཐོག་ཏུ་མ་འོངས་པར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་གནང་སྟངས་དང་། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་ཕྱོགས། བོད་ནང་གི་ཛ་དྲག་གནས་བབ་ལ་གདོང་ལེན་གནང་ཕྱོགས་སྐོར། དབུས་སའི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད།

ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཁུལ་དུ་བོད་དོན་ཞུ་གཏུག་གནང་།

པར་འདེབས། PDF

གཟའ་མིག་དམར་ཉིན་ནས་བཟུང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་ཕྱོགས་སྐྱོད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་པ་ལྟར། ཁ་སང་སུད་སིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་རྗེས་ར་བྷ་སུ་བེར་ས་གནས་ཀྱི་བོད་མི་སུམ་བརྒྱ་ལྷག་ལ་ལམ་སྟོན་བཀའ་སློབ་གནང་ཡོད་འདུག  ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་བཟུང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཡུ་རོབ་རྒྱལ་ཁབ་ཁག་སུད་སི་དང་ཧྥ་རན་སི། འཇར་མན། བྷེལ་ཇེམ། ནེར་རྡུ་ལེན་ཌི། དབྱིན་ཡུལ་བཅས་རྒྱལ་ཁབ་ཁག་ཅིག་ནང་བོད་དོན་ཞུ་གཏུག་ཆེད་ཕྱོགས་སྐྱོད་གནང་བཞིན་པ་ལྟར།

ཆོ་འཕྲུལ་སྨོན་ལམ་ཆེན་མོར་སྐྱེས་རབས་བཀའ་ཁྲིད་གནང་སྐབས།

པར་འདེབས། PDF

དེ་རིང་ཆོ་འཕྲུལ་དུས་ཆེན་དང་བསྟུན་ཏེ། ༸གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་ ༦༠༠༠ བརྒལ་བར་༼སྐྱེས་རབས༽བཀའ་ཁྲིད་གནང་སྐབས། ནང་པའི་ལྟ་གྲུབ་ནི་བོད་མི་རིཊ་ཀྱི་བླ་སྲོག་དང་ཆོལ་གསུམ་ཆིག་སྒྲིལ་ཐུབ་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་བྱུང་བ་ཡིན་ཚུལ་གསུངས། དེ་རིང་ཕྱི་ཚེས་ ༢༥ ཉིན་ཏེ་བོད་ལུགས་ལོ་གསར་ཚེས་བཅོ་ལྔའི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཁེལ་ཡོད་སྟབས། དེ་རིང་ཞོགས་པ་སྔ་བོ་ནས་བོད་མིའི་སྒྲིག་འཛུཊ་ཀྱི་སྲི་ཞུ་ལས་བྱེད་དང་ངྷ་ས་ཁུལ་གྱི་བོད་རིཊ་སེར་སྐྱ་མང་ཚོགས། ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་བ་བཅས་ཁྱོན་མི་ ༦༠༠༠ བརྒལ་བ་འཚང་ཁ་ཤིག་ཤིག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་གནང་ཡོད་ཅིང་། ཆུ་ཚོད་ ༩ པའི་སྟེང་༧གོང་ས་མཆོག་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་ར་བའི་བཞུགས་ཁྲིར་ཞབས་སོར་བཀོད་དེ། སྟོན་པ་བཅོམ་ལྡན་འདས་ཀྱི་༼ སྐྱེས་རབས ༽བཀའ་ཁྲིད་གནང་ཡོད།

གཞོན་སྐྱེས་ཚོས་རང་ཉིད་བོད་པ་ཞིག་ཡིན་པས་འགན་བླངས་པའི་ཐོག

པར་འདེབས། PDF

ཟླ་འདིའི་ཚེས་༢༣་ཉིན་སུད་སིའི་བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་ལས་འགུལ་ཞིག་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་དུ་མི་གྲངས་༤༠༠ ལྷག་ལྷན་འཛོམས་ཀྱིས་ཐོག་དབུ་འཛུགས་གནང་སོང་།  ལས་འགུལ་འདི་ནི་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཞེས་པའི་བརྗོད་གཞིའི་འོག་རི་ཀོན་ས་གནས་སློབ་གྲྭའི་ཚོགས་ཁང་དུ་ཉིན་གོང་ཆུ་ཚོད་༢ ཐོག་རི་ཀོན་མཁན་རིན་པོ་ཆེའི་གཙོས་བོད་རིགས་༤༠༠ ་ཡར་མར་ཞིག་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུའི་དབྱངས་རྟ་དང་བཅས་དབུ་འཛུགས་གནང་སོང་། ལས་འགུལ་དབུ་འཛུགས་གནང་རྗེས་རི་ཀོན་དགོན་གྱི་དགེ་མདུན་པ་གཙོས་མི་མང་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཞལ་པར་བརྟན་པ་དང་བོད་དུ་རྒྱལ་གཅེས་དཔའ་བོ་བརྒྱ་ལས་བརྒལ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པས་ཆེད་དུ་བསྔོ་སྨོན་གསོལ་འདེབས་ཆུ་ཚོད་གཅིག་ཙམ་གི་རིང་ལ་གནང་སོང་།

བལ་ཡུལ་དུ་ཇོ་ནང་པའི་དབུ་མའི་བགྲོ་གླེང་སྐབས་གཉིས་པ་དབུ་འཛུགས་གནང་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་ཇོ་ནང་དགོན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་མོའི་བགྲོ་གླེང་སྐབས་གཉིས་པ་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་གསུམ་པ་གཉིས་སྟབས་གཅིག་ཏུ་དབུ་འཛུགས་གནང་ཡོད་ལ། ཚོགས་ཐོག་དུ་ཇོ་ནང་བའི་གནད་ཡོད་མི་སྣ་སོགས་མི་གྲངས་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་ཡོད་འདུག

བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་གསར་འགོད་གསལ་བསྒྲགས་ཞིག་གནང་སོང་།

པར་འདེབས། PDF

མཁྱེན་ཆུབ་བཞིན། ཕྱི་ལོ་ ༢༠༡༢།༣།༡༠ ཉིན་ནས་ངེད་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་ཞི་བའི་འཐབ་རྩོད་དང་པོ་གནང་སྐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་དང་།རྒྱབ་སྐྱོར་བྱེད་མཁན་ཚང་མར་གནམ་ལོ་གསར་བའི་ནང་ངེད་ཀྱིས་གུས་བརྩི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐབས་དོན་ནི།ངེད་ཀྱིས་རིང་མིན་ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་སླར་ཡང་འགོ་འཛུགས་བྱེད་རྒྱུ་ཡིན། ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པ་ས་མཚམས་གང་ནས་འགྲོ་རྒྱུ་སོགས་ཡོངས་བསྒྲགས་བྱེད་རྒྱུར་སྐབས་སུ་བབ་མེད།

གསར་འགོད་གསལ་བསྒྲགས།

པར་འདེབས། PDF

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཆེ་མཐོང་ནི་མི་རིགས་ཀྱི་སྙིང་སྟོབས་ཡིན། ཞེས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༨ ཉིན་རང་ལུས་མེར་སྲེག་གཏོང་གནང་མཁན་རང་ལོ་ ༤༢ ཡིན་པ་སྤྲུལ་སྐུ་བསོད་བྷེ་རིན་པོ་ཆེ་མཆོག་གིས་རང་ལུས་མེར་སྲེག་མ་གཏང་གོང་བྲིས་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༨ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ལས་འགུལ་ཐོག་མ་དེ་སྤེལ་བ་ནས་བཟུང་ད་བར་བོད་མི་བརྒྱ་ཡིས་རང་ལུས་མེར་སྲེག་བཏང་ཡོད།

ལོ་གསར་ཚེས་གསུམ་ཉིན་བསང་གསོལ་དང་མཆོད་འབུལ་གོ་སྒྲིག

པར་འདེབས། PDF

ཆོལ་གསུམ་གཅིག་སྒྲིལ་ཚོགས་པའི་ངོས་ནས། ལོ་བསྟར་བཞིན་ལོ་གསར་ཚེས་གསུམ་ཞོགས་པར་ལྷ་རྒྱལ་རིར་བསང་གསོལ་གོ་སྒྲིག་བྱེད་བཞིན་པ་ལྟར། འདི་ལོར་ཡང་སྔར་མུས་བསང་གསོལ་གོ་སྒྲིག་ཞུས་ཡོད་ཅིང་། དེ་ཡང་གནས་ཆུང་སྐུ་རྟེན་གཙོ་བོར་བྱས་པའི་གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་རྣམས་ཆེད་ཞུས་ཀྱིས་ཆུ་ཚོད་བརྒྱད་པ་ནས་དགུ་པ་བར་བསང་གསོལ་མཛད་སྒོ་དང་།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་བཞི་བ། པར་རིས་གསར་འགྱུར།

པར་འདེབས། PDF

altབོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་ཉིན་བཞི་པ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆེད་དུ་གདན་ཞུ་བྱས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་སློབ་ཕྲུག་སོགས་མི་གྲངས་ ༡༥༠༠ ཙམ་དང་། ཕྱོགས་མཐའ་ཁག་དང་། ལྡི་ལི་བཅས་ནས་ཆེད་ཕེབས་གནང་བའི་བོད་མི་བཅས་ཁྱོན་མི་གྲངས་ ༧༥༠༠ ལྷག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྲོས་ཚོགས་ལམ་ཆེན་གྱི་ཉེ་འགྲམ་ཇན་ཏར་མན་ཏར་དུ་འདུ་འཛོམས་བྱུང་ཡོད་པ་དང་། རྒྱ་གར་གྱི་བློན་ཆེན་ཟུར་པ་དང་གྲོས་ཚོགས་གོང་འོག་གི་འཐུས་མི། གཞུང་གི་ལས་བྱེད་ཟུར་པ། སྲིད་དོན་ཚོགས་པ་ཁག་གི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་སྲིད་དོན་ཚོགས་པ་ཆེ་ཁག་གི་གཞོན་ནུའི་སྡེ་ཚན་ཁག་གི་འགན་ཁུར་མི་སྣ། བོད་དོན་རྒྱབ་སྐྱོར་བ་བཅས་གལ་ཆེའི་མི་སྣ་ ༣༠ ལྷག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་གསུམ་པ།

པར་འདེབས། PDF

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གིས་གོ་སྒྲིག་འོག་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར་ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོ་དུས་ཚོད་ ༡༠།༣༠ ནས་དབུ་འཛུགས་ཀྱིས་ཉིན་རྒྱ་དུས་གཅིག་གི་ཟས་བཅད་ངོ་རྒོལ་དང་། བོད་ནང་ནས་རྒྱ་གཞུང་གིས་དྲག་གཙུབ་ཆེ་བའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་གྱི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཆེད་དུ་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ངང་འཚོགས་སོང་།

ད་ལྟའི་བོད་ཀྱི་གནས་སྟངས་སྐོར་ལ་མཁས་པའི་བགྲོ་གླེང་།

པར་འདེབས། PDF

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱིན་ཉིན་གཉིས་པ་སྟེ་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་གྱི་ཕྱི་དྲོ་དུས་ཚོད་ ༢ པའི་སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི India International Center ཞེས་པའི་ཚོགས་ཁང་དང་པོའི་ནང་། གྷན་དྷི་ཞི་བདེ་དགེ་རྩས་གོ་སྒྲིག་འོག "ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས"ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་སྐོང་འཚོགས་གནང་འདུག

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་གཉིས་པ།

པར་འདེབས། PDF

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་གཉིས་པ་སྟེ་ཟླ་འདི་ཕྱི་ཚེས་ ༣༡ ཉིན་གྱི་ཚུ་ཚོད་ ༡༡:༠༠ སྟེང་རྒྱ་གར་གྱི་རྒྱལ་ས་ལྡིར་ཡོད་པའི་མེས་པོ་དམ་པ་གྷན་དྷི་མཆོག་གི་སྐུ་གདུང་བཞུགས་ཡུལ་ར་ཇི་སྒར་ཊི་ཞེས་པར་བོད་དང་། རྒྱ་གར། ཤྲི་ལང་ཀ།ཡེ་ཤུ། ཁ་ཆེ། གཅེར་བུ་བ། ཧིན་དྷུ། སིག བྷ་ཧེ། ཇེའུ་བཅས་ཀྱི་ཆོས་དཔོན་རྣམ་པ་དབུ་བཞུགས་ཐོག་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་ཆོས་ལུགས་སོ་སོའི་ལུགས་བཞིན་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད་འདུག

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་དང་པོ།

པར་འདེབས། PDF

ཟླ་འདི་ཕྱི་ཚེས་ ༣༠ ཉིན་གྱི་ཉིན་གུང་དུས་ཚོད་ ༡༢ དང་སྐར་མ་ ༡༥ སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ Talkatora Staduim ཞེས་པའི་ཚོགས་ཁང་དུ་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་ཟབ་རྒྱས་ངང་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་བལ་འབྲུག་གསུམ་སོགས་ནས་བོད་མི་སྟོང་ཕྲག་ལྔ་ཙམ་ཞིག་ཕེབས་ཡོད་འདུག

ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ལས་རིམ་གྲ་སྒྲིག་གནང་བཞིན་པ།

པར་འདེབས། PDF

ཟླ་འདིའི་ཚེས་ ༣༠ ནས་བཟུང་ཉིན་བཞི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོ་ཞེས་པ་གཞི་རྒྱ་ཆེ་བའི་ལས་འགུལ་ཆེན་མོ་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་ལྟར་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལས་དོན་གོ་སྒྲིག་ཐད་བསྐྱར་ཞིབ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་ས་གནས་འགོ་འཛིན་དང་། ས་འཐུས་དང་། རང་བདེན་ཚོགས་ཆུང་སོགས་ལ་ལས་འགུལ་སྣེ་ཁྲིད་གནང་ཕྱོགས་སྐོར་ལམ་སྟོན་གནང་ཡོད་འདུག

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module