བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེའི་གནས་སྟངས་རྒྱུས་ལོན་བྱས་ཡོད།

པར་འདེབས། PDF

ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་བར་ཞི་བའི་གོམ་བགྲོད་གནང་སྟེ་ཟླ་འདིའི་ཕྱི་ཚེས་ ༡༧ བར་ཉིན་གྲངས་དྲུག་བཅུ་རེ་དགུ་ཕྱིན་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་ལྔ་ཙམ་བརྒྱུད་ནས་ད་བར་སྤྱི་ལེ་ ༡༥༥༥ ལྷག་བརྒལ་ཏེ་རྒྱ་གར་གྱི་ས་གནས་ Muzaffarpur ལ་འབྱོར་ཡོད་འདུག་ལ། ཕྱི་ཚེས་ ༡༦ ལྡི་ལིའི་མདོ་སྨད་ས་རྒྱུན་གྱི་ཚོགས་རྟ་མགྲིན་དང་། རྩིས་པ་བྱམས་པ་གཉིས་ཀྱིས་ཞི་བའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྐལ་བྷེ་ཐར་ལགས་བསྐྱལ་ཞོར་ཚེ་བརྟན་རྡོ་རྗེར་ཐུག་འཕྲད་དུ་ཕེབས་ཡོད་འདུག

ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་བཅུ་གཅིག་ནས་མཆོད་འབུལ་སྨོན་ལམ་གནང་སོང་།

པར་འདེབས། PDF

དེ་རིང་ཕྱི་ལོ ༢༠༡༣ ཟླ ༥ ཚེས ༩ ཉིན་ཞོགས་པ་ཆུ་ཚོད་༡༠།༤༥ ཐོག་དྷ་རིམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་ཁག་བཅུ་གཅིག་ནས་ ༢༠༡༣།༢།༢༥ ཉིན་གྲྭ་གསང་བདག་ནས་བཟུང་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅུ་གྲངས་ཞིག་གི་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་རྒྱས་པ་ཞིག་གནང་སོང་།

བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གལ་ཆེན།

པར་འདེབས། PDF

བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་མང་ཚོགས་ཡོང་ལ་གནང་བའི་བཀའ་སློབ་གལ་ཆེན།

ཕྱི་ལོ་ ༢༠༡༣ ཟླ ༤ ཚེས ༡༣ ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག རྡ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་ངོ་བོའི་སྐོར་བཀའ་སློབ་དང་། མཇུག་ཏུ་མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་ལ། ཚོགས་འདུ་དེར་བཀའ་ཟུར་དང་སྤྱི་འཐུས།གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ།ངྷ་སའི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་༡༠༠ལྷག་འདུ་འཛོམས་བྱུང་འདུག

མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་མདོ་སྨད་དབུས་རྒྱུན་ལས་ཁང་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབས་རྒྱ་མཚོ་ལགས་ཀྱིས་༸སྐུའི་གྱ་སྟོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཞིག་གནང་སོང་། 

འཇམ་དབྱངས་ནོར་བུའི་ལོག་རྩོམ་ལ་དཔྱད་པ། ༡༽

པར་འདེབས། PDF

བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས། 

༄༅།།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོན་དམ་གྱི་རང་དབང་དང་། འདྲ་མཉམ། དྲང་བདེན། ཆིག་བསྒྲིལ་ལྡན་པའི་མང་གཙོའི་ལམ་སྲོལ་ཚད་ལྡན་འདི་འདྲ་ཞིག་བྱུང་བ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་རྐྱང་གིས་ཐུགས་བརྩོན་ལྷོད་མེད་མུ་མཐུད་གནང་བ་ཁོ་ནའི་དྲིན་ལས་བྱུང་བ་མ་གཏོགས། ༧གོང་ས་མཆོག་གིས་ཐུགས་བརྩོན་དེ་ལྟ་བུ་ཞིག་གནང་མེད་ཚེ་མང་ཚོགས་རང་ངོས་ནས་གསར་བརྗེ་དང་ལེགས་བཅོས་ཐུབ་མིན་རང་རེའི་སྤྱི་སྒེར་གྱི་བསམ་སྤྱོད་ལ་དཔགས་ན་ཚེགས་མེད་དུ་རྟོགས་ནུས། ༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་མཚན་སྨོད་ཞུ་མཁན་གྱི་བོད་མི་རྣམས་ཀྱིས་ཀྱང་བདེན་རྫུན་ཁྱད་མེད་ཀྱི་གང་དྲན་སྨྲ་བརྗོད་བྱེད་པའི་ནུས་བ་དང་རང་དབང་དེ་ཡང་༧གོང་ས་མཆོག་གི་ཐུགས་རྗེ་ལས་བྱུང་བ་དཔྱོད་ལྡན་རྣམས་ཀྱིས་མི་ཤེས་པ་ཅི་ལ་སྲིད།

མདོ་སྨད་མཛོད་དགེ་ནས་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༦།༤༠ ཙམ་ལ་བོད་མདོ་སྨད་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ་ཞུ་བ་ཞིག་དང་། གྲྭ་དཀོན་མཆོག་འོད་ཟེར།་ཞུ་བ་གཉིས་ཀྱིས། སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་བསྲེགས་བཏང་ནས། གདུག་རྩུབ་ཅན་གྱི་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་ནས་འདས་གྲོས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག 

བལ་ཡུལ་གྱི་དཔོན་རིགས་ཁག་ཅིག་བོད་མི་སྡོད་ས་གནས་ཁག་ལ་གཟིགས་སྐོར་བྱས་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་འཐུད་པས་གོ་སྒྲིག་གིས། བལ་ཡུལ་ནང་བོད་མི་གནས་སྡོད་བྱེད་སའི་ས་ཁུལ་ཁག་ལ་རྒྱལ་ས་ཀ་ཐ་མན་ཀྲུའི་རྫོང་དཔོན་དང་རྫོང་དཔོན་གཞོན་པ། དེ་བཞིན་ས་གནས་རྫོང་ལས་ཁུངས་ཀྱི་དྲུང་ཆེ་བཅས་བོད་མིའི་གནས་ཡུལ་འཕགས་ཤིང་དང་། རྒྱལ་ས་ཁུལ། དེ་བཞིན་བལ་ཡུལ་མཆོད་འཇོར་ས་གནས་བཅས་སུ་ཉིན་གཉིས་རིང་སྐོར་སྐྱོད་བྱས་ཏེ་བོད་མི་སྐྱབས་བཅོལ་བ་དག་གི་དཀའ་ངལ་ཁག་ལ་རྒྱུས་ལོན་བྱས་ཡོད་འདུག 

སྨོན་ལམ་ཚིག་མཛོད་ཐོན་རིམ་ ༡.༡ ཅན་འགྲེམ་སྤེལ་བྱས་འདུག

པར་འདེབས། PDF

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཙུགས་ནས་ལོ་གཅིག་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ཏེ་སྨོན་ལམ་ཚིག་མཛོད་༡.༡ ཅན་ཞིག་འགྲེམས་སྤེལ་བྱས་ཡོད་འདུག་ལ། ད་ཐེངས་ཀྱི་ཚིག་མཛོད་འདི་ནི་སྨོན་ལམ་ཚིག་མཛོད་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་ལེགས་འགྲུབ་བྱུང་བ་དང་། སྔར་ཡོད་སྐར་ཁུང་རྟགས་ཅན་ནང་ཡར་རྒྱས་བཏང་བ་ཞིག་ཡིན་འདུག 

མདོ་སྨད་འཛམ་ཐང་ནས་བུད་མེད་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

དེ་རིང་བོད་ནང་གི་དུས་ཚོད་ ༣ ཡས་མས་ཞིག་ལ་མདོ་སྨད་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་ནས་བོད་རིགས་བུད་མེད་ཕྱུག་མཚོ་ཞེས་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་དབུ་མའི་ལམ་གྱི་སྐོར་ལ་བཀའ་སློབ་བསྩལ་བ།

པར་འདེབས། PDF

གཟའ་སྤེན་པའི་ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་མང་ཚོཊ་ལ་ལམ་དབུ་མའི་སྲིད་བྱུས་ཐོག་བཀའ་སློབ་བསྩལ་ཏེ། དབུ་མའི་ལམ་གྱི་མཐའ་མའི་འབབ་ས་མི་རིཊ་ས་གནས་རང་སྐྱོང་དང གལ་སྲིད་རྒྱ་ནག་རྩ་ཁྲིམས་ལ་འགྱུར་བ་ཐེབས་ཚེ་དབུ་མའི་ལམ་གྱི་གཞི་རྩ་གསར་པ་ཆཊ་རྒྱུ་ཡིན་སྐོར་གསུངས།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་ནས་ཐུགས་གསོའི་འཚམས་འཕྲིན།

པར་འདེབས། PDF

༄༅།། དགེ་ལྡན་བསྟན་པའི་སྲོག་ཤིང་དམ་པ་སེར་སྨད་རྒྱལ་རོང་མཁན་ཟུར་༧རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་གི་བླ་བྲང་དང་། མཁས་གྲུབ་བྱེ་བའི་འབྱུང་གནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། རྒྱལ་རོང་ཁང་ཚན་འདུས་སྤྱི། དེ་བཞིན་དུ་ཁོང་གི་ཞལ་སློབ་དང་ནང་མི་ཉེ་འབྲེལ་ལྷན་རྒྱས་མཆོག་གི་དྲུང་དུ།

དགའ་ལྡན་ཕོ་བྲང་ནས་གལ་ཆེའི་གསར་འགོད་གསལ་བསྒྲགས།

པར་འདེབས། PDF

ཉེ་ལམ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་བའི་ཐོག་སྤྱི་འཐུས་ཤིག་གིས། སྒེར་གྱི་གསལ་བཤད་དང་སྦྲགས་ཁོ་རང་ཉིད་ཀྱིས་ད་བར་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཕྱིར་འཐེན་བྱས་པ་ཡིན་སྐོར་དང་། དེ་བཞིན་དུ་༧གོང་ས་མཆོག་གི་བཀའ་རྩོམ་ཁ་ཤས་ལུང་འདྲེན་གྱིས། ཁོང་གི་ཐུགས་དགོངས་ངོ་མ་དེ་ཡང་རང་བཙན་ཡིན་སྐོར་བརྗོད་པའི་ཐད་དགའ་ལྡན་ཕོ་བྲང་གིས་གསར་འགོད་གསལ་གསལ་བསྒྲགས་གནང་འདུག

བལ་ཡུལ་གཞུང་གིས་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ཀྱི་དགོངས་རྫོགས་བཀག་སྡོམ།

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༣ ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནས་བོད་མི་རིགས་ཀྱི་བདེན་དོན་ཆེད་སྐུ་ལུས་མེ་བསྲེག་གཏོང་མཁན་ཕ་ཡུལ་གསེར་རྟ་ནས་ཡིན་པ་སྒྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བལ་ཡུལ་ཉེན་རྟོག་པས་བཙན་འཁྱེར་བྱས་ཏེ། བལ་ཡུལ་གནས་བཞུགས་བོད་རིགས་མང་ཚོགས་ལ་ཕྱིར་རྩིས་སྤྲོད་མ་བྱས་པར་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་ཉར་ནས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཉིན་གསང་བའི་ཐོག་ཁོང་གི་སྐུ་ཕུང་མེ་བསྲེག་བཏང་འདུག

སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་མཁས་པའི་བགྲོ་གླིང་ཚོགས་འདུ་ཞིག་དབུས་འཛུགས་གནང་འདུག

པར་འདེབས། PDF

ཕྱི་ལོ ༢༠༡༣ ཟླ ༣ ཚེས ༢༩ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་གདུག་རྩིབ་སྲིད་བྱུས་ལག་བསྟར་གྱིས་སྲེག་བཞིན་པའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་གནང་འདུག

མདོ་སྨད་ཀླུ་ཆུ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་མདོ་སྨད་ཀླུ་ཆུ་ནས་བོད་མི་ཞིག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱི་འདས་གྲོས་སུ་གྱུར་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པར་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཁོངས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module