བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

རྒྱལ་གཅེས་དཔའ་བོ་ཀརྨ་ངེས་དོན་རྒྱ་མཚོའིསྐུ་ཕུང་བོད་མིར་རྩིས་སྤྲོད་བྱས་མི་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༦ ཞོགས་ཀ་ཚོུད་ ༧ དང་སྐར་མ་ ༤༠ ཙམ་གྱི་ཐོག་བལ་ཡུལ་མཆོད་བྱ་རུང་གི་སྐོར་ལམ་ནང་མའི་ནང་ནས་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོ་མཆོག་གིས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་རང་ཉིད་ཀྱི་སྐུ་ལུས་མེ་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་བརྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། རྗེས་སུ་ཁོང་གི་སྐུ་ཕུང་བལ་ཡུལ་ཉེན་རྟོགས་པས་བཙན་ཁྱེར་བྱས་ཏེ་ད་དུང་ཡང་ཕྱིར་བོད་མིར་རྩིས་སྤྲོད་བྱས་མི་འདུག

སྲིད་སྐྱོང་དམ་འབུལ་ལོ་གཉིས་འཁོར་བའི་དུས་དྲན་མཆོད་འབུལ།

པར་འདེབས། PDF

དེ་རིང་སྔ་དྲོར་ངྷ་ས་གཙུག་ལག་ཁང་དུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གསར་པའི་ཐུགས་འགན་བཞེས་ཏེ་ལོ་གཉིས་ཧྲིལ་བོ་འཁོར་བའི་ཉིན་མོ་དང་བསྟུན། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་

བོད་ཀྱི་ཟིན་བྲིས་ཞེས་པའི་དྲ་བ་སྒོ་འབྱེད་བྱས་པ།

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༨ ཚེས་ ༤ ཉིན་ཏེ་རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ སྟེང་ངྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་ཟིན་བྲིས་ཞེས་ཟིན་བྲིས་ཀྱི་ལམ་ནས་སྒྱུ་རྩལ་རྩོམ་ཡིག་སྤེལ་སའི་དྲ་བ་ཞིག་སྒོ་འབྱེད་བྱས་སོང་ལ། དྲ་ཚིགས་འདི་ནི་བཙན་བྱོལ་གྱི་ཆེས་ཐོག་མའི་ཟིན་བྲིས་རྐྱང་བ་འབྲི་སྤེལ་བྱེད་སའི་དྲ་བ་དེ་ཡིན་འདུག

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུཐེངས་བཅུ་གསུམ་པ་དབུ་འཛུགས་གནང་འདུག

པར་འདེབས། PDF

དེ་རིང་ཉིན་གུང་སོག་པོའི་རྒྱལ་ས་ཨོ་ལན་པཱ་ཊོར་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་ཁག་བཅས་ནས་བོད་རིག་པ་སྨྲ་བ་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་མ་འོངས་པའི་ཉིན་བདུན་རིང་ཚོགས་ཆུང་ཁག་བགོས་ཀྱིས་མཁས་པ་སོ་སོའི་ཆེད་རྩོམ་སྒྲོགས་སྦྱང་གནང་རྒྱུ་རེད།

ཨ་རིག་བྲག་དཀར་གྱི་བོད་མི་དང་མེན་ལི་ཚོ་མེན་གྱི་རྒྱ་རིགས་དབར་འཁྲུག་འཛིང་།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ། མདོ་ལ་རྫོང་། ཨ་རིག་བྲག་དཀར་སྡེ་བ་དང་རྒྱ་ནག་ཀན་སུ་ཞིང་ཆེན། མེན་ལི་རྫོང་། ཚོ་མེན་གྲོང་བརྡལ་གཉིས་ཀྱི་བར་དུ་ས་མཚམས་རྩོད་ཉོག་བྱུང་སྟེ། བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་གཙོས་བོད་མི་བཅུ་བདུན་ཙམ་ལ་ཚབས་ཆེའི་རྨས་སྐྱོན་ཕོག་སྟེ་ད་ལྟ་ཛ་དྲག་མྱུར་སྐྱོབ་བྱེད་ཀྱིན་ཡོད་འདུག

མདོ་སྨད་དབུས་རྒྱུན་གྱི་ཐེངས་གཉིས་པའི་ཕྱོགས་སྐྱོད་དབུ་འཛུགས།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་ཚེས་ ༡༡ བར་ཉིན་བཞིའི་རིང་བཟུང་མདོ་སྨད་དབུས་རྒྱུན་ཚོགས་གཞོན་ཨ་ལོ་མཁར་བྱམས་ལགས་དང་། ཆོས་རིག་འགན་འཛིན་ཨ་རིག་དགེ་མཐོང་རྣམ་པ་གཉིས་སྦིར་ཁུལ་དང་སིམ་ལ་སོ་ལན་བོན་གཞིས་ཁུལ། ཇོ་ནང་རྟག་བརྟན་དགོན། མི་ན་ལི་བཅས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་མདོ་སྨད་ཀྱི་ས་གནས་ཁག་བཞི་ལ་ཕྱོགས་སྐྱོད་གནང་ཡོད་འདུག

སེར་བྱེས་གྲྭ་ཚང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་པ།

པར་འདེབས། PDF

http://bod.asia/wp-content/uploads/2013/07/Award-copy.jpgཟླ་འདིའི་ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ། ༸གོང་ས་མཆོག་དགུང་གྲངས་ ༧༨ ལ་ཕེབས་སྐུའི་འཁྲུངས་སྐར་དེ་བཞིན་༸གོང་ས་མཆོག་དབུ་བཞུགས་ཐོག་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་མི་མང་ཉིས་ཁྲི་ལྷག་འདུ་འཛོམས་བྱུང་ཡོད་འདུག

རྡ་ས་མདོ་སྨད་ས་རྒྱུན་ལས་ཁུངས་གསར་བའི་དབུ་འབྱེད་མཛད་སྒོ།

པར་འདེབས། PDF

 སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགུང་གྲངས་དོན་བརྒྱད་ལ་སོན་པའི་བཀྲ་ཤིས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་ནས། རྡ་ས་མདོ་སྨད་ས་གནས་རྒྱུན་ལས་སྐབས་བཅུ་གཉིས་པའི་ངོས་ནས་ས་གནས་ཀྱི་ལས་ཁུངས་གསར་བ་ཞིག དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འཁྲིས་ཀྱི་བཀྲ་ཤིས་ཆོས་གླིང་དགོན་པའི་ཁང་པའི་ནང་དུ་གསར་འཛུགས་གནང་འདུག

བལ་ཡུལ་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩིས་ཟབ་རྒྱས་བྱས་འདུག

པར་འདེབས། PDF

བོད་རྒྱལ་ལོ་ ༢༡༤༠  བོད་ཟླ་ ༥ ཚེས་ ༢༨ ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་དམ་པ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་ཉིན་གཉིས་རིང་བལ་ཡུལ་འཕགས་ཤིང་ཁུལ་གྱི་ཉེ་ཤང་མ་ནང་དགོན་དུ་སྲུང་བརྩི་བྱས་ཡོད།

ཀིརྟིའི་དགེ་རྩ་ཚོགས་པའི་གསལ་བསྒྲགས།

པར་འདེབས། PDF

༄༅།།རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙན་ལམ་དུ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་འབྲེལ་ཡོད་དད་ལྡན་ཕྱི་ནང་མང་ཚོགས་ནས་སྐྱབས་བསྔོའི་ཆེད་དད་འབུལ་བྱུང་བའི་དངུལ་དངོས་རྣམས་ཆུད་ཟོས་སུ་མི་འགྲོ་བ་སོགས་ཀྱི་ཆེད་ཀིརྟིའི་དགེ་རྩ་ཚོགས་པ་གསར་འཛུགས་གནང་བའི་ལས་རིམ་གྱི་ཆ་ཤས་རོགས་སྐྱོར་སྡེ་ཚན་གྱི་ཁོངས་སུ། སློབ་ཕྲུག་ཆེས་ཉམ་ཐག་ལ་སློབ་ཡོན། ཛ་དྲག་ནད་མནར་ཉམ་ཐག་ལ་སྨན་བཅོས། རྒས་གཅོང་ཉམ་ཐག་ལ་རོགས་སྐྱོར་ཏེ་སྡེ་ཚན་གསུམ་དུ་དབྱེ་ནས་རོགས་དངུལ་ཟུར་འཇོག་གིས་རོགས་རམ་གང་ཐུབ་ལོ་ཤས་གོང་ནས་གནང་མུས་ཡིན་ལ།

བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་བསྐྱངས་པ།

པར་འདེབས། PDF

དེ་རིང་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་པའི་མཐོ་རིམ་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས། བོད་པའི་ནང་ཆོས་འདི་ཉིད་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་ཁག་དང་ནཱ་ལེནྡའི་མཁས་པ་དག་གི་རྣམ་དཔྱོད། དེའི་སྟེང་བོད་རང་གི་གནའ་བོའི་ཞང་ཞུང་གི་བོན་གཞུང་བཅས་ཀྱི་སྙིང་བཅུད་བསྡུས་པའི་རིག་གཞུང་རྩ་ཆེན་ཞིག་ཡིན་ཞེས་གསུངས་སོང་

མདོ་སྨད་རྔ་བ་ཁུལ་དུ་གླུ་བ་ཕྱག་རྡོར་དང་པདྨ་འཕྲིན་ལས་གཉིས་འཛིན་བཟུང་བྱས་འདུག

པར་འདེབས། PDF

ཕྱི་ལོ་༢༠༡༣ ཟླ་༦ ཚེས་ ༡༢ ཉིན་གནས་ཚུལ་འབྱོར་གསལ་ལ། ཕྱི་ལོ་༢༠༡༢ ལོའི་ཟླ་༧ པ་ཡས་མས་སུ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་། གླུ་བ་ཕྱག་རྡོར་གཉིས་ཀྱིས་ད་ལྟའི་རང་ལུས་མེར་སྲེག་སོགས་བོད་ནང་གི་གནས་སྟངས་དང་། ༸གོང་ས་མཆོག་དང་། ༸པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་སོགས་དྲན་གླུ་དང་བསྟོད་གླུ། དེ་བཞིན་བློ་བཟང་སེང་གེའི་བསྟོད་གླུ་སོགས་ཡོད་པའི་གླུ་གཞས་ཆེད་སྒྲིག་(སོས་མེད་རྨ་ཁའི་ཟུག་གཟེར་)ཞེས་པའི་འོད་སྡེར་ཞིག་འགྲེམས་སྤེལ་བྱས་ནས་ཉིན་ཤས་ལས་མ་སོང་བར་གླུ་བ་ཁོང་གཉིས་རྨ་ཆུ་རྫོང་ཐོག་ནས་འཛིན་བཟུང་བྱས་ཏེ་ཟླ་བ་༦ ལྷག་ལ་རྔ་པ་རྫོང་དུ་བཀག་ཉར་བྱས་རྗེས།

རྡོར་གླིང་སུ་ཁེ་ཀིརྟིའི་དགོན་དགེ་ལྡན་བཀྲིས་ཆོས་གླིང་བསྐྱར་བཞེངས།

པར་འདེབས། PDF

༄༅།།  འཕགས་ཡུལ་རྡོར་གླིང་སུ་ཁེ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་བསྐྱར་བཞེངས་ཀྱི་ཐོག་མའི་ས་ཆོག་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་གནང་བ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་ ༡༥ དུས་ཆེན་སུམ་འཛོམས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ ཉིན།  ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྡོར་གླིང་སུ་ཁེའི་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་བསྐྱར་བཞེངས་ཀྱི་ས་ཆོག་དང་འབྲེལ་བའི་རྟེན་འབྲེལ་མཛད་སྒོའི་ཐོག་མར།

རྒྱ་གཞུང་གི་འཁྱོད་བརྗོད་ལ་བཀའ་ཤག་གིས་ལན་འདེབས།

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་རྒྱ་ནག་གཞུང་གི་ཕྱི་གཏོང་བརྙན་འཕྲིན་ CCTV 4 ཞེས་པའི་ཐོག་བོད་ནང་ནས་མུ་མཐུད་དུ་རང་ལུས་མེར་བསྲེགས་བྱུང་དང་འབྱུང་བཞིན་པའི་སྐོར་ལ་ལོག་བཤད་གྱི་ངོ་སྤྲོད་བརྙན་པར་བརྡ་ཁྱབ་ཅིག་སྤེལ་ཡོད་པའི་སྐོར་ལ། རང་གཞུང་བཀའ་ཤག་ནས་བརྡ་ཁྱབ་དེའི་བརྗོད་དོན་ཁག་ལ་བདེན་ཆ་སྤུ་ཙམ་མེད་ཚུལ་དང་། ཡར་ཐོན་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོང་བ་དང་ལྐུགས་པ་ལྟ་བུར་བརྩིས་པའི་དམའ་འབེབས་ཆེན་པོ་ཞིག་ཀྱང་ཡིན་ཚུལ་གྱི་ལན་འདེབས་གནང་འདུག

༧གོང་ས་མཆོག་གིས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་ལོག་བཤད་ལ་བཀའ་ལན་གནང་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཝིསི་ཀོན་སིན་ (Wisconsin) མངའ་སྡེའི་རྒྱལ་ས་མེ་ཌི་སན་ (Madison) ནང་རྟེན་གཞི་བྱས་པའི་རི་དྭགས་སྐྱེད་ཚལ་ནང་པའི་བསྟི་གནས་ཁང་ (Deer Park Buddhist Center) དུ་མེ་ནི་སོ་ཊ་ (Minnesota) དང། ཨི་ལི་ནོ་ཨི་སི། (Illinois) ཝིསི་ཀོན་སིན། (Wisconsin) བཅས་ཀྱི་ས་གནས་ཁག་ནས་ཕེབས་པའི་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོར་དམིགས་བསལ་བཀའ་སློབ་བསྩལ་གནང་སྐབས་སློབ་ཕྲུག་ཅིག་གིས་ཉེ་ཆར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་གི་དགོངས་གཞི་དངོས་རང་བཙན་ཡིན་སྐོར་གྲོས་ཚོགས་སུ་བཤད་པ་དེར་དགོངས་ཚུལ་གང་ཡོད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་བཀའ་ལན་གནང་འདུག

བདེ་སྲུང་ལས་ཁུངས་ཀྱིས་རྒྱ་གཞུང་གི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་འདུག

པར་འདེབས། PDF

རྒྱ་གཞུང་གསང་བའི་ཚན་པས་སྤྱི་བདེ་ཉེན་རྟོག་པ་ཞིག་བཙན་བྱོལ་བོད་མིའི་ཁྲོད་དུ་གསང་མྱུལ་དུ་བཏང་སྟེ་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནས་ཚུལ་དང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནས་ཚུལ་ཁག་རྒྱ་གཞུང་ལ་མཁོ་སྤྲོད་བྱ་རྒྱུ་དང་། དེ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ར་འཕྲོད་བྱུང་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ཡོངས་ཁྱབ་གསར་བསྒྲགས་སྤེལ་འདུག

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module