བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

རྒྱབ་ཤ་དཀར་པོའི་དགག་ལན།

པར་འདེབས། PDF

alt

ཕྱི་ལོ་  ༢༠༡༣  ལོའི་ཟླ་  ༡༠  ཚེས་  ༢༢  ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁབ་ཁང་གི་གསར་འགྱུར་གཞུང་ལས་ཁང་ཟེར་བས་ ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་ཐེངས་བཅུ་པར་གྲགས་པ་འགྲེམས་སྤེལ་བྱས་པར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལན་འདེབས་གནང་འདུག 

རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་ལྡི་ལིར་འབྱོར་པ།

པར་འདེབས། PDF

altཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ སྟེ་སུམ་ཅུའི་དུས་དྲན་ཉིན་ཡུ་རོབ་བྷེལ་ལྗམ་གྱི་རྒྱལ་ས་བྷུ་རུ་སིལ་ནས་ (Brussels) འགོ་འཛུགས་ཀྱིས་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ཞུ་གཏུགས་གནང་མཁན་རིན་པོ་ལགས། ཟླ་འདི་ཚེས་ ༢༣ ཉིན་གྱི་དགོང་མོའི་ཆུད་ཚོད་ ༩ པའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་ལ་འབྱོར་ཡོད་འདུག་ལ། སྐབས་དེར་ལྡི་ལི་མདོ་སྨད་ས་གནས་རྒྱུན་ལས་དང་། ཀིརྟིའི་ཕྱག་མཛོད་མདོ་སྔགས་གཙོས་དགེ་འདུན་པ་ཁག་ཅིག་ཕེབས་བསུ་ལ་བཅར་འདུག

རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་ལ་བཅར་འདྲི།

པར་འདེབས། PDF

alt

རྐང་འཁོར་སྐོར་སྐྱོད་ཀྱིས་བོད་དོན་ཞུ་གཏུགས་གནང་མཁན་རིན་པོ་ལགས་ལ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ སྟེ་སུམ་ཅུའི་དུས་དྲན་ཉིན་ཡུ་རོབ་བྷེལ་ལྗམ་གྱི་རྒྱལ་ས་བྷུ་རུ་སིལ་ནས་ (Brussels) འགོ་འཛུགས་ཀྱིས་ཡུ་རོབ་ཀྱི་རྒྱལ་ཁབ་ ༡༣ དང་།  ཉི་ཧོང་། ཐེ་ཝན། ཧོང་ཀོང་། བལ་ཡུལ་བཅས་ཁྱོན་རྒྱལ་ཁབ་ ༡༧ ཙམ་གྱི་ནང་རྐང་འཁོར་སྐོར་སྐྱོད་ཀྱིས་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་ ༡༢༨ ལྷག་ལ་མཇལ་ཕྲད་ཀྱིས་བོད་ནང་གི་སྐུ་ལུས་མེ་བསྲེག་གཏོང་མཁན་རྣམས་ཀྱི་གནད་དོན་ཞུ་གཏུགས་གནང་བའི་སྐོར་དང་།  དེ་བཞིན་དུ་རྒྱལ་ཁབ་དེ་དག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་བོད་དོན་བརྒྱུད་བསྒྲགས་གནང་བའི་སྐོར། ད་སྐབས་བལ་དུ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐོར་བཅས་ལ་བཅར་འདྲི་ཞུས་ཡོད།

གཞས་ཚིག་བསྡུ་བའི་གསལ་བསྒྲགས།

པར་འདེབས། PDF

གཞས་ཚིག་བསྡུ་བའི་གསལ་བསྒྲགས།

༄༅།། རྒྱ་ཆེ་རྩོམ་པ་པོ་ལྷན་རྒྱས་མཆོག་ལ། ཆེད་ཞུ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་གཞས་ཚིག་ཤོ་ལོ་ཀ་བཞི་ལས་མི་མང་པ་ཞིག་གསར་རྩོམ་གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ འགྱངས་མེད་གྱ་སྟོན་དྲ་འཕྲིན་

རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱི་གནས་ཚུལ་རྒྱས་པ།

པར་འདེབས། PDF

ཕྱི་ཟླ་ ༩ ཚེས་ ༢༨ ཉིན་བོད་མདོ་སྨད་རྔ་པ་རྫོང་སྒོ་མང་ཡུལ་ཚོ་ནས་རང་ལོ་ ༤༡ ཡིན་པའི་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་གདུགས་རྩུབ་ཆེ་བའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕྲལ་དུ་ཕྱིར་འབུད་གཏོང་དགོས་ཟེར།

པར་འདེབས། PDF

དེ་རིང་ཞོགས་པར་བོད་མིའི་སྒྲིག་འཛུཊ་བཀའ་ཤག་སྒོ་འགྲམ་དུ་བཞུགས་སྒར་ཁུལ་གྱི་རྒན་རྒོན་ལྔ་ཡིས་སྦྱར་ཡིག་བཟུང་སྟེ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕུད་དགོས་པའི་རེ་འདུན་བཏོན་སོང་ལ། དེ་བཞིན་ཉིན་རྒྱབ་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གནང་སྟངས་ལ་གདོང་ལེན་བྱེད་རྒྱུ་ཡིན་སྐོར་བརྗོད་བྱུང་།  

ཨེ་ཙིའི་ནད་དང་ཆ་འདྲ་བོ་ཞིག་ལ་འགོག་སྨན་ལེགས་འགྲུབ་བྱུང་ཡོད་ཟེར།

པར་འདེབས། PDF

བྷི་བྷི་སིའི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཨ་རིའི་ཚན་རིག་པ་འགའ་ཞིག་གིས་སྤྲིའུ་གཟུགས་པོར་ཚོད་བལྟ་བྱས་ཏེ་ (SIV) ཞེས་པའི་ཨེ་ཙི་ནད་དང་རིགས་མཚུངས་ཞིག་ལ་སྔོན་འགོག་གི་སྨན་གསར་དུ་བཟོ་ཐུབ་པར་བརྟེན། མིའི་གཟུགས་པོར་ཡང་དེ་ལྟའི་ཐབས་ལ་བརྟེན་ནས་ཨེ་ཙི་ནད་ལ་སྔོན་འགོག་གི་སྨན་བཟོ་ཐུབ་པར་འབད་རྩོམ་ཞུ་རྒྱུ་ཡིན་ཚུལ་འཁོད་འདུག

སྲོག་སྐྱོབ་རེ་འབོད་ཞུ་བསྐུལ་གྱི་མཚན་རྟགས་བསྡུ་རུབ།

པར་འདེབས། PDF

སྤྱི་ལོ་༢༠༡༣ ལོའི་ཟླ་དགུ་བའི་ཚེ་བརྒྱད། རེས་གཟའ་ཉི་མའི་ཉིན་ཨོ་གླིང་སིས་ལྡི་ནིས(Sydney)་སྦྲིས་ཝ་ཡེ(Dee Why)རུ། སྤྱི་འཐུས་སྒྲོལ་དཀར་སྐྱབས་དང་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དགོ་ཚང་ནེ་རྒན། ནིས་ཡོའུ་ཁ་སིལ(Newcastle)བོད་རིགས་ཚོགས་གཙོ་མདའ་བཞིའི་ཕུན་ཚོགས་རྒྱ་མཚོ། སིས་ལྡི་ནིས་བོད་རིགས་ཚོགས་པའི་དྲུང་ཆེ་ཡ་ལོ་ངག་དབང་ཆོས་འཕེལ་དང་རིག་གཞུང་འགན་འཛིན་ཕུར་བུ་ཚེ་རིང། སིས་ལྡི་ནིས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བརྩོན་འགྲུས་འོད་ཟེར་བཅས་དབུ་གཞུགས་ཀྱིས<སྲོག་སྐྱོབ་རེ་འབོད་ཞུ་བསྐུལ་མཚན་རྟགས་བསྡུ་རུབ>ཀྱི་ལས་འགུལ་དེ། ཞོགས་པའི་ཆུ་ཚོད་བཅུ་བའི་ཐོག་དངོས་སུ་མགོ་འཛུག་གནང་ཞིང་། ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་བར་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་དང་བོད་དོན་དྲིད་སྒྲིག་གི་ཡིག་ཆ་འགྲེམ་སྤེལ་བྱས་འདུག

༧རྒྱལ་བ་ཀརྨ་པ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་ལ་ཞབས་སོར་བཀོད་པ།

པར་འདེབས། PDF

སྒྲུབ་རྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡བོད་ཆུ་སྦྲུལ་ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་སྟེ། ཕྱི་ལོ་༢༠༡༣ཟླ་༩་ཚེས་༤་རེས་གཟའ་ལྷག་པའི་ཉིན་༧སྒྲུབ་རྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་གནང་བའི་གནས་བསྡུས།

བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་རྒྱ་མཚོ་ལགས་ཚོགས་གཙོ་དང་རྒྱུན་ལས་ནས་དགོངས་པ་ཞུས་འདུག

པར་འདེབས། PDF

ཉེ་ཆར་སྤྱི་ཟླ་༧ཚེས་༡༠ཉིན་སུས་ཡིན་མི་ཤེས་པའི་གསེར་ཀེ་ལོ་༣༥བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་སྐབས་ཚོང་པ་ཁ་ཤས་དང་ལྷན་དུ་ཨ་མདོ་རྒྱ་མཚོ་ལགས་ཀྱང་བལ་ཡུལ་ཉེན་རྟོག་པས་ཁོང་གི་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་འདུག འོན་ཀྱང་གསེར་དེ་ཚོ་དང་ཨ་མདོ་རྒྱ་མཚོ་ལགས་འབྲེལ་བ་གཏན་ནས་མེད་སྟབས། ཉིན་ཉི་ཤུ་རྩ་ལྔའི་རྗེས་ནས་ཁྲིམས་ཐོག་ནས་ཁོང་ལ་ནགས་ཉེ་གང་ཡང་མེད་པ་གསལ་པོ་ཆགས་ནས་ཨ་མདོ་རྒྱ་མཚོ་ལགས་གློད་གྲོལ་བཏང་ཡོད། འོན་ཀྱང་དེ་རྗེས་བསྐྱར་དུ་བལ་ཡུལ་ཉེན་རྟོག་པས་ཨ་མདོ་རྒྱ་མཚོ་ལགས་ལ་གཞི་མེད་ཀྱི་དོགས་པ་སྣ་ཚོགས་ཀྱིས་སུན་གཙེར་སྣ་མང་བྱས་པས་མ་ཚད་ཁྲིམས་ཁང་དུའང་ཟླ་གཅིག་ནང་ཐེངས་རེ་དང་། ཉིན་བཅུ་དྲུག་རེའི་མཚམས་ནས་གཏུགས་དགོས་པ་བཟོས་ཡོད་འདུག

ཕྱི་ཚེས་༥ཉིན་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་ཐེང་གསུམ་པ་ཚོགས་སོང་།

པར་འདེབས། PDF

དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༨།༣༠ ཀྱི་སྟེང་། མེག་གྷན་དྷ་སར་ཡོད་པའི་སྟོད་པ་སྐྱིད་སྡུག་གི་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞན་ཡང་ལས་འགུལ་ཁང་དེའི་འགན་འཛིན་གཙོ་གཞོན་གཉིས་ཀྱིས་དབུས། དབུས་རྒྱུན་དང་ས་གནས་ཁག་གི་སྐུ་ཚབ་རྣམ་པ། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་སོགས་མཉམ་འཛོམས་ཀྱིས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལི་ཐང་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་གྱིས་འགན་འཛིན་གྱི་གསུང་བཤད་གནང་དོན།

ལྡི་ལིར་མདོ་སྨད་ས་གནས་རྒྱུན་ལས་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ།

པར་འདེབས། PDF

སྐབས་བཅོ་ལྔ་པའི་མདོ་སྨད་དམིགས་བསལ་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་གཞིར་བཟུང་ཐོག་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་ལགས་མྱུར་དུ་གློད་བཀྲོལ་ཡོང་ཐབས་སུ་ལྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ནས་དམངས་གཙོ་དུས་དྲན་དང་སྟབས་བསྟུན་གྱིས་མཚན་རྟགས་བསྡུ་རུབ་ལས་འགུལ་འགོ་འཛུགས་བྱས་ཡོད།

གྲྭ་བློ་བཟང་དཀོན་མཆོག་ལགས་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་དཀྱིས་མ་ཞིག་ཡིན་མོད་སྡུག་ལས་སྣ་དགུ་ལ་ངན་ལོབས་སུ་ཕྱིན་པའི་རྒྱ་གཞུང་གིས་དྲང་བདེན་དང་གཞི་རྩ་གང་ཡང་མེད་པར་ཆེས་ཉམ་ཆུང་གི་ཚེ་སྲོག་ལ་ཕངས་སེམས་ཙམ་ཡང་མེད་པར་ལོ་གཉིས་འཕྱི་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུར་གསར་བསྒྲགས་བྱས་ཟིན་པ་ཞིག་རེད།

བློ་བཟང་དཀོན་མཆོག་གློད་བཀྲོལ་ཆེད་མཚན་རྟགས་བསྡུ་རུབ།

པར་འདེབས། PDF

༄༅། །བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཕྱི་ལོ ༢༠༡༣ ལོའི་ཟླ ༩ པའི་ཚེས ༢ ཉིན་ཏེ བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༣ འཁོར་བའི་དུས་དྲན་མཛད་སྒོར་སྟབས་བསྟུན་གྱིས་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་གཙོས་མ་ཉེས་ཁ་ཡོག་གིས་ཉེས་མེད་སྲོག་ཁྲིམས་དང་དེ་བཞིན་དྲང་བདེན་མིན་པའི་ཁྲིམས་ཆད་ཕོག་ཡོད་པ་རྣམས་མྱུར་དུ་གློད་བཀྲོལ་ཡོང་ཆེད་རྡ་ས་མདོ་སྨད་ས་གནས་རྒྱུན་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་འདུག

མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་མཚན་རྟགས་བསྡུ་རུབ་སྐོར་གྱི་གསལ་བསྒྲགས།

པར་འདེབས། PDF

སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལ་རྐང་བཙུགས་ནས་མི་བསད་པའི་བྱེད་གཏེའི་ཉེས་མིང་བཀལ་ཏེ་ལོ་གཉིས་འཕར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་། བློ་བཟང་ཚེ་རིང་ལ་རྗེས་འབྲངས་ཉེས་ཅན་པའི་ཉེས་མིང་བཀལ་ཏེ་དུས་བཀག་བཙོན་འཇུག་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་རྒྱ་ནག་ཤིན་ཧྭ་གསར་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡ ཉིན་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད།

ྋགོང་ས་མཆོག་གིས་ཀོ་རི་ཡའི་ཆོས་ཞུ་བ་རྣམས་ལ་གསུང་ཆོས་དབུ་འཛུགས་གནང་འདུག

པར་འདེབས། PDF

དེ་རིང་ཞོགས་པར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ྋགོང་ས་མཆོག་གིས་ཀོ་རི་ཡའི་ཆོས་ཞུ་བ་རྣམས་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཁྱོན་ ༥༠༠༠ ཙམ་ལ་ཉིན་གྲངས་ ༢ དང་ཕྱེད་རིང་གི་གསུང་ཆོས་དབུ་འཛུགས་གནང་སོང༌།

བལ་ཡུལ་ནས་རྒྱལ་གཅེས་པ་ཀརྨ་ངེས་དོན་རྒྱ་མཚོའི་བདུན་ཚིགས་དང་པོ་སྲུང་རྩི་བྱས།

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༣ ཉིན་ནི་བལ་ཡུལ་མཆོད་རྟེན་སྐོར་ལམ་ནང་ནས་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུང་ལ་ངོ་རྒོལ་གྱིས་རང་ལུས་མེ་བསྲེག་བཏང་ནས་ཞགས་བདུན་སོང་བའི་བདུན་ཚིགས་དང་པོ་དང་ཁེལ་ཡོད་སྟབས། ཚེས་ ༡༣ ནས་༡༥ ཉིན་བར་ཉིན་གསུམ་གྱི་རིང་བལ་ཡུལ་ནང་གནས་བསྡོད་ས་གནས་ཆོལ་གསུམ་མཉམ་འབྲེལ་གྱིས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་མར་མེ་སྟོང་མཆོད་འབུལ་ལམ་ཞུས་ཐོག བལ་ཡུལ་མཆོད་འཇོར་ས་གནས་ཚོགས་ཁང་དུ་མ་ཎི་སྨོན་ལམ་གསོག་སྒྲུབ་བྱས་ཡོད།

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module