བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

༸རྒྱལ་བའི་ཞབས་རིམ་བཀའ་འགྱུར་དག་སྒྲོག་གསལ་བསྒྲགས།

༸རྒྱལ་བའི་ཞབས་རིམ་བཀའ་འགྱུར་དག་སྒྲོག་གསལ་བསྒྲགས།

དེ་ཡང་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁམས་གསུམ་འགྲོ་བ་མ་ལུས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་༸སྤྱི་ནོར་༸གོང་ས་༸ཐམས་ཅད་མཁྱེན་པ་གང་ཉིད་མདོ་སྨད་ས་ཡི་ཐིག་ལེར་སྐུའི་མཚན་དཔེའི་འདབ་སྟོང་མངོན་པར་བཞད་ནས་དགུང་གྲངས་བརྒྱད་ཅུ་བཞེས་པ་བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས་ ༥ སྟེ་ཕྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༢༡ ནས་ཉིན་གསུམ་གྱི་རིང་།

མཆན། (1) ཀློག་གྲངས།: 1536

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

ཉེ་ཆར་སྤྱི་ལོ་ ༢༠༡༤ ལོའི་ཟླ་༣ ཚེས་ ༡༩ ཉིན་རང་ཁྱིམ་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ནི། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་རང་ལོ་ ༤༢ ཡིན། སྤྱི་ལོ་ ༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས། ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ།

མཆན། (0) ཀློག་གྲངས།: 870

དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་ངོས་འཛིན་གསལ་པོ་བཟོ་དགོས་པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་བཞག་པའི་ནང་གསལ་དོན།

མཆན། (0) ཀློག་གྲངས།: 1255

༧གོང་ས་མཆོག་གི་སྐུ་ཕྱྭར་གནོད་སྐྱོན་ཆེ་ཤོས་དོལ་རྒྱལ་རེད་ཟེར།

ཁ་སང་བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་གསལ་བཤད་ཅིག་གནང་སྟེ། བོད་མིའི་སྒྲིག་འཛུཊ་ཀྱི་ངོས་ནས་དོལ་རྒྱལ་བསྟེན་མཁན་ཚོ་རྒྱ་ནག་མཉམ་འབྲེལ་བ་ཡོད་པ་ཤེས་རྟོགས་ཡོད་ཀྱང་། ད་བར་ཤེས་ཡོན་དང་འཕྲོད་བསྟེན། བོད་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་དབྱེ་འབྱེད་བྱས་མྱོང་མེད་སྐོར་གསུངས་སོང་

མཆན། (0) ཀློག་གྲངས།: 955

རྔ་བར་གྲྭ་བློ་བཟང་དཔལ་ལྡན་གྱི་རང་ལུས་མེར་བསྲེཊ་གནང་པའི་གནས་ཚུལ་ཐོན་འདུག

བཞུཊ་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། དེ་རིང་ཚེས་ ༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་ ༢༠ ཡས་མས་ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེ་རུ་སྒྲོན་ཡོད་འདུག

མཆན། (0) ཀློག་གྲངས།: 645

༧སྐུའི་གྱ་སྟོན་འགྲེལ་བཤད། དབྱིན་ཡིག

A brief introduction to the Gyaton Celebration for His Holiness the Dalai Lama by Dhomay People

Gyaton (gya-ston) refers to the Eightieth Birthday Celebration of His Holiness the Dalai Lama, the champion of World Peace and the incomparable leader of the Tibetan people. On this occasion the people of Dhomay (Amdo) are offering prayers for His Holiness’ long life and for the fulfillment of all his noble aspirations and wishes.

མཆན། (0) ཀློག་གྲངས།: 1922

དཔལ་ཇོ་ནང་པའི་སྨོན་ལམ་ཆེན་མོ་སྐབས་བཅུ་གཉིས་པ་རྡོར་གདན་དུ་འཚོགས་པ།

༸དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཉིས་པ་དེ། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༨ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་བཞིན་ཡོད་འདུག་ལ། སྨོན་ལམ་ཉིན་ཉིན་ལྔ་བར་དཔལ་རྒྱལ་བ་ཀརྨ་པ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་ཡོད་འདུག

མཆན། (0) ཀློག་གྲངས།: 2362

མདོ་སྨད་དབུས་རྒྱུན་ནས་ཐུགས་གསོའི་འཚམས་འདྲི།

བོད་མི་མང་སྤྱི་འཐུས་ཟུར་བ་མདོ་སྨད་པ་དགེ་འདུན་སྦྱིན་པ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༧།༤༠ ཐོག་སྐུ་གྲོང་ཡོད་པའི་གནས་ཚུལ་ཐོས་པར་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡིད་སྐྱོའི་གནས་སུ་གྱུར།

མཆན། (0) ཀློག་གྲངས།: 17300

༸སྐུའི་གྱ་སྟོན་ཐད་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས།

altརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རང་ཅག་བོད་མི་ཡོངས་ཀྱི་མགོན་སྐྱབས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༥།༦།༧ བཅས་ཉིན་གསུམ་རིང་མདོ་སྨད་ཆོལ་ཁས་༸སྐུའི་གྱ་སྟོན་གོ་སྒྲིག་ཞུ་རྒྱུའི་སྐོར་༸གོང་ས་མཆོག་ལ་སྙན་སེང་བཀའ་ཁྲོལ་ཞུས་བསྩལ་བྱུང་

མཆན། (0) ཀློག་གྲངས།: 859

བོད་དོན་ལས་འགུལ་བ་རིན་པོ་ལགས་དྷ་སར་འབྱོར་བ།

བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་ཡུ་རོབ་ཀྱི་རྒྱལ་ཁབ་༡༣ དང་། དེ་བཞིན་ཉི་ཧོང་དང་། ཐེ་ཝན། ཧོང་ཀོང། བལ་ཡུལ། རྒྱ་གར་སོགས་ཡུལ་གྲུ་མང་པོའི་ནང་བོད་དོན་དྲིལ་བསྒྲགས་ཀྱིས་ཕྱི་ཚེས་༣༠ཉིན་བཞུགས་སྒར་དྷ་སར་འབྱོར་ཡོད་པ་རེད།

མཆན། (1) ཀློག་གྲངས།: 5712

སློབ་གྲྭའི་གུང་སེང་སྐབས་ཟབ་སྦྱོང་འཛིན་གྲྭ་ཚུགས་རྒྱུའི་གསལ་བསྒྲགས།

༄༅།། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་རང་རིགས་སློབ་མ་རྣམས་ཀྱི་སྙན་ལམ་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་སྔ་ཕྱིའི་དགོངས་དོན་དང་མཐུན་པར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་འདི་ལོ་ཡང་སློབ་གྲྭ་གི་གུང་སེང་དང་སྟབས་བསྟུན་འདི་ག་ཀིརྟིའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་འཛིན་གྲྭ་དགུ་པ་ནས་བཅུ་གཅིག་བར་གྱི་བོད་རིགས་སློབ་མ་གྲངས་སུམ་ཅུ་ཙམ་ལ་ནང་ཆོས་དང་རིགས་ལམ། སྙན་ངག སུམ་རྟགས་སོགས་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ཟབ་སྦྱོང་འཛིན་གྲྭ་ཞིག ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ནས་ཟླ་གཅིག་རིང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་རིན་མེད་ཐོག་ཚུགས་རྒྱུ་ལགས་ན། ཟབ་སྦྱོང་འཛིན་གྲྭར་འཛུལ་ཞུགས་བྱེད་འདོད་ཡོད་པའི་རང་རིགས་སློབ་མ་སོ་སོའི་ཁྱིམ་བདག་གམ་འབྲེལ་ཡོད་འགན་ཁུར་བ་ནས་འདི་ག་ཀིརྟིའི་དགེ་རྩ་ཚོགས་པའི་དབུས་སྤྱི་ཁྱབ་ལས་ཁུངས་ལ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

མཆན། (0) ཀློག་གྲངས།: 812

བོད་ཀྱི་དཔེ་མཛོད་ཁང་དུ་སྤེལ་བའི་གསར་འགོད་གསལ་བསྒྲགས།

altདེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགུང་ལོ་ ༦༤ ལ་ཕེབས་པ་དང་། རྒྱ་གཞུང་གིས་བཙོན་འཇུག་བྱས་ནས་ལོ་གྲངས་ ༡༡ སོང་བ། ཉེ་དུས་རིན་པོ་ཆེ་དང་འབྲེལ་ཡོད་ཁག་གཅིག་བཙོན་ཁང་དུ་ཐུག་འཕྲད་ལ་སོང་བའི་སྐབས་ཀྱི་གནས་ཚུལ་འགྲེལ་བརྗོད། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་མིའིོ་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་ཆེད་མངགས་གསུང་བཤད་གནང་བའི་འོད་སྡེར་ཞིག་དབུ་འབྱེད་དང་བསྟུན་ནས་གསལ་བསྒྲགས་ཞུ་རྒྱུ།

མཆན། (0) ཀློག་གྲངས།: 726

ཇོ་ནང་འཛམ་ཐང་དགོན་ཆེན་གྱི་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་ལ་ཁྲིམས་ཐག་བཅད་འདུག

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཇོ་ནང་འཛམ་ཐང་དགོན་ཆེན་གཙང་བ་གྲྭ་ཚང་གི་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལ་འཛམ་ཐང་གཙང་བ་གྲྭ་ཚང་གི་གྲྭ་བ་དང་། མི་མང་འདུས་ས་ནས་རང་བསྲེགས་བྱས་པའི་དཔའ་བོ་དཔའ་མོ་རྣམས་ལ་སྔོ་ཞུ་བྱས་པ་དང་།  ས་གནས་དེ་ནས་རང་བསྲེགས་བྱེད་མཁན་རྣམ་པའི་རོ་ཐོག་ནས་ཆོལ་ཁ་གསུམ་ལ་ནང་འཛིངས་མི་བྱེད་པའི་དམ་བཅའ་བྱེད་མཁན་རྣམས་ལ་ (གངས་ལྗོངས་བོད་མིའི་ཕུལ་བྱུང་བུ།) ཞེས་བསྟོད་བསྔགས་བྱས་པར་ "རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། བོད་རང་བཙན་གྱི་བསམ་བློར་འུད་སྒྲོག་བྱས་" པའི་ཉེས་མིང་ཐོག་འདི་ལོའི་ཟླ་ ༡༠ ཚེས་ ༢༩ ཉིན་ལོ་ངོ་བཞི་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཡོད་འདུག

མཆན། (0) ཀློག་གྲངས།: 748

མཚན་རྟགས་གྲངས་ ༡༢༩༠༦ མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་ཡོད།

altའདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་ནག་གིས་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པའི་གྲྭ་བློ་བཟང་དཀོན་མཆོག་དང་། སྒྲོལ་མ་སྐྱབས་གཉིས་ཀྱི་ཆེད་དུ་འདི་ལོའི་དམངས་གཙོའི་དུས་ཆེན་ཉིན་ནས་འགོ་འཛུགས་ཀྱིས་རྒྱལ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། ད་ལྟ་ཁྱོན་མཚན་རྟགས་ ༡༢༩༠༦ བྱུང་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་ཡོད།

མཆན། (0) ཀློག་གྲངས།: 3027

རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་བ།

altཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༩ ནས་༡༠ བར་ཉིན་གྲངས་གཉིས་རིང་རྐང་འཁོར་སྐོར་སྐྱོད་བོད་དོན་ཞུ་གཏུག་པ་རིན་པོ་ལགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་དང་། རྒྱ་གཞུང་གི་གདུག་རྩུབ་བཙན་འོག་གི་བཙོན་ཁང་དུ་ཡོད་པའི་རྒྱ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་ཞུས།

མཆན། (1) ཀློག་གྲངས།: 697

རང་ལུས་མེར་བསྲེགས་དོན་གཞིས་བྱེས་མཉམ་འཛོམས་ཡོང་ཆེད་ཡིན་ཟེར།

altཁ་སང་སྟེ་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ ཡས་མས་སུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་ལགས་ཟི་ལིང་སྨན་ཁང་དུ་ཁྱེར་བཞིན་པའི་ལམ་བར་ནས་སྐུ་གཤེགས་ཡོད་པའི་གནས་ཚུལ་ཐོན་འདུག

མཆན། (1) ཀློག་གྲངས།: 2400

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།

Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module