བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

ཤེས་ཡོན་རོགས་སྐྱོར་འགེངས་ཤོག་ཕབ་ལེན།

པར་འདེབས། PDF

སྐབས་བཅུ་དྲུག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཤེས་ཡོན་རོགས་བསྐྱོར་འགེངས་ཤོག

དབུས་རྒྱུན་གཉིས་རེ་རིང་མིན་ས་ཁུལ་ཁག་ཏུ་ཕེབས་རྒྱུར་མི་འགྲོ་གཏན་འཁེལ་བྱས།

པར་འདེབས། PDF

གསར་དུ་ཕེབས་པའི་དབུས་རྒྱུན་སྐབས་བཅུ་དྲུག་པ་ས་གནས་ཁག་ཏུ་འཚམས་འདྲིའི་ཕྱོགས་བསྐྱོད་ལ་ཕེབས་དགོས་པ་གལ་ཆེར་སོང་། དབུས་རྒྱུན་གཉིས་རེ་རིང་མིན་ས་ཁུལ་ཁག་ཏུ་ཕེབས་རྒྱུར་མི་འགྲོ་གཏན་འཁེལ་བྱས།

སྐབས་བཅུ་དྲུག་པའི་དབུས་རྒྱུན་ལྷན་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་མོས་ཀྱིས་ཐག་ཆོད་བྱུང་བའི་ཚིག་ཐོ་ཁག

པར་འདེབས། PDF

༡༽ཉེ་ཆར་སྐབས་བཅོ་ལྔ་བའི་དབུས་རྒྱུན་གཉིས་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་མདོ་སྨད་དབུས་རྒྱུན་གྱི་ཚོགས་ཆེན་གྱི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུར་བཅར་སྐབས། སྐུ་ངོ་མཆོག་གིས་ངེད་རང་ཚོགས་ཆེན་དུ་བཅར་ནས་དམིགས་བསལ་བཀའ་སློབ་གནང་རྒྱུ་མེད་མོད།ངེད་ཀྱིས་བྲིས་པའི་དེབ་དེ་ཁྱེད་རང་ཚོས་ཀློག་རྒྱུ་གལ་ཆེན་པོ་ཡིན་པ་དང་།

ཞིང་གཤེགས་དམ་པ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་ཕུལ།

པར་འདེབས། PDF

ཕྱི་ལོ་༢༠༡༥་ཟླ་༧་ཚེས་༢༦་སྟེ་ཞིང་གཤེགས་དམ་པ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཀྱི་ཉིན་མོ་དང་སྟབས་བསྟུན་དབུས་རྒྱུན་ཚང་འཛོམས་ཐོག་ཁོང་གི་གཟིམ་ཤག་ལ་ཆེད་བཅར་གྱིས་དམ་པ་ཁོང་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་ཞིག་ཕུལ་བ་མ་ཟད་དགེ་འདུན་པ་ཚོར་སྐུ་འགྱེལ་ཕུལ།

པཎ་ཆེན་རིན་པོ་ཆེས་ཡིག་འབྲུ་ཁྲི་བདུན་མའི་ཞུ་ཡིག་སྔོན་དང་རྗེས།

པར་འདེབས། PDF

འཇམ་དཔལ་རྒྱ་མཚོ།     བོད་ནང་སྒྲིག་པ་པོའི་གཏམ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རེ་ཞིག་རང་ཅག་དང་བྲལ་ ནས་ཞིང་གཞན་དུ་གཤེགས་པའི་ཚུལ་མཛད་ མོད།འོན་ཀྱང་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་ མི་དམངས་ཀྱིས་གུས་ཤིང་བཀུར་བའི་རྒྱལ་ཁབ་ཀྱི་འགོ་ ཁྲིད་པ་ཁོང་གིས་མེས་རྒྱལ་གཅིག་གྱུར་དང་བོད་ལ་སྟོབས་འབྱོར་མངའ་ཐང་ལྡན་པ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་ནང་ཁུལ་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོའི་སྐབས་ཀྱི་ལས་འཆར་ཁག

པར་འདེབས། PDF

༡༽ དབུས་རྒྱུན་གྱི་ཁང་བ་གསར་བ་རྩིས་ལེན་གནང་ཕྱོགས་ཚོགས་ཆེན་གྱི་གྲོས་ཆོད་ལྟར་ལག་ལེན་འཁེལ་ཐབས་གནང་རྒྱུ།

༢༽དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་གནང་བའི་ཤེས་ཡོན་ཐེབས་རྩ་གསར་འཛུགས་གནང་ཕྱོགས་ཐད་དབུས་རྒྱུན་བཅུ་གཅིག་གི་སྟེང་དུ་སློབ་སྟོན་པ་གསུམ་ལས་མ་ཉུང་བ་འདེམས་རྒྱུ་དང་། ཐེབས་རྩའི་མིང་དང་། ཐེབས་རྩའི་རོགས་དངུལ་འབུལ་ཕྱོགས་སོགས་ཀྱི་སྒྲིག་གཞི་གསར་བཟོ་གནང་ཐབས།

༄༅།མདོ་སྨད་དབུས་སྤྱི་ཁྱབ་རྒྱན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་སྒྲིག་གཞི།

པར་འདེབས། PDF

དོན་ཚན་དང་པོ།      རྒྱུན་ལས་ལྷན་ཚོགས།

༡༽ རྒྱུན་ལས་ལྷན་ཚོགས་སྐབས་ཉུང་མཐར་རྒྱུན་ལས་རྩ་འབོར་སུམ་ཆ་གཉིས་ཚང་དགོས། མང་མོས།

༢༽ལོ་འཁོར་གཅིག་ནང་རྒྱུན་ལས་ལྷན་ཚོགས་ཐེངས་གཉིས་ལས་མི་ཉུང་བ་འཚོགས་དགོས། མང་མོས

སྐབས་བཅུ་དྲུག་པའི་དབུས་རྒྱུན་ལ་མི་གྲངས་བཅུ་གཅིག་བདམས་ཐོན་བྱུང་བ།

པར་འདེབས། PDF

བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅོ་ལྔ་བའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་སྐབས་བཅུ་དྲུག་པའི་དབུས་རྒྱུན་ལ་མི་གྲངས་བཅུ་གཅིག་བདམས་ཐོན་བྱུང་བ་གཤམ་གསལ།

སྒྲོལ་མ་མཚོར་རྒྱ་གཞུང་གི་མི་བསད་པའི་ནག་ཉེས་འོག་ལོ་གསུམ་ལ་ཁྲིམས་ཐག་བཅད་འདུག

པར་འདེབས། PDF

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་ཁྲིམས་ཐག་གཅོད་དགོས་པའི་ཁག་འགེལ་བྱེད་ས་ནི། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་བཙན་བཟུང་བྱས་ནས་ཟླ་བ་བཅུ་གཅིག་ལ་བཀག་ཉར་འོག་ནས་གཅར་རྡུང་དང མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་འདུག

སློབ་བུ་བསྟན་འཛིན་འཕྲིན་ལས་ལགས་ལ་གཟེངས་རྟགས་སྤྲད་པ།

པར་འདེབས། PDF

དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཨིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་ UWC Atlantic College, Wales ནས་བོད་རིགས་སློབ་ཕྲུག་གཅིག་ལ་སློབ་ཡོན་ཞལ་བཞེས་བྱུང་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ལོ་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཞིག་ནས། འཛིན་རིམ་བཅུ་པའི་སློབ་ཐོན་སློབ་ཕྲུག་གཞི་རིམ་ཆ་རྐྱེན་ཚང་ཁག་ལ་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་ཀྱི་ལམ་ནས་ཨང་དང་པོ་ཐོབ་མཁན་སློབ་བུ་བསྟན་འཛིན་འཕྲིན་ལས་ལགས་ལ་གཟེངས་བསྟོད་རྟིང་སྐུལ་གྱི་རྟགས་མ་ཞིག་འབུལ་ལམ་ཞུས་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཞུ་རྒྱུའི་སྐོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་མདོ་སྨད་ཆོལ་ཁ་དགེ་ལུགས་སྤྱི་ཐོག་བཅས་ནས་གསར་འགོད་གསལ་བསྒྲགས་སྤེལ་པ།

པར་འདེབས། PDF

alt༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་སྟབས་བསྟུན། བོད་ལུགས་ལྟར་འཁྲུངས་ཚེས་བོད་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། བོད་ལྗོངས་མདོ་སྨད་ཆོལ་ཁ། རྒྱལ་སྤྱིའི་དགེ་ལྡན་བསྟན་བདག་ལྷན་ཚོགས་བཅས་ནས་ལྷན་ཅིག་ཏུ་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།

དུས་འཁོར་དབང་ཆེན་སྐོར་ལ་གསར་འགོད་གསལ་བསྒྲགས།

པར་འདེབས། PDF

དེ་རིང་སྟེ་ཕྱི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་ངྷ་ས་མེག་གྷན་དུ་ཡོད་པའི་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལས་ཁུངས་སུ། ཟླ་རྗེས་མའི་ལ་དྭགས་ཀྱི་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་གོ་སྒྲིག་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

མགོ་ལོག་འཇིགས་མེད་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ།

པར་འདེབས། PDF

alt

དེ་རིང་ཕྱི་ཟླ་ ༥ བའི་ཚེས་ ༢༨ ཉིན་གྱི་སྔ་དྲོར་བཞུཊ་སྒར་བོད་ཀྱི་གསོལ་མགྲོན་ཁང་དུ་སུད་སིར་ཡོད་པའི་བོད་ཀྱི་གློག་བརྙན་བཟོ་བསྐྲུན་ཁང་ (Filming for Tibet) དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལས་ལྟེ་གནས་ཁང་གཉིས་ཐུན་མོང་གི་གོ་སྒྲིག་འོག ཉེ་ལམ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པའི་༼འཇིགས་བྲལ༽ཞེས་པའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་གློག་བརྙན་ཕབ་བསྐྲུན་ལས་རོགས་མགོ་ལོག་འཇིགས་མེད་ལགས་ཀྱིས། ཁོ་རང་གི་འདས་པའི་ལོ་ངོ་ ༦ ལྷག་རིང་གི་ལོ་རྒྱུས་དང་མ་འོངས་པའི་རེ་འདུན་བཅས་ཀྱི་སྐོར་བོད་དབྱིན་གཉིས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། ཡིག་ཐོག་གི་གསལ་བསྒྲགས་ཧྲིལ་བོ་འདིར་བཀོད་ཡོད།

༸རྒྱལ་བའི་ཞབས་རིམ་བཀའ་འགྱུར་དག་སྒྲོག་གསལ་བསྒྲགས།

པར་འདེབས། PDF

༸རྒྱལ་བའི་ཞབས་རིམ་བཀའ་འགྱུར་དག་སྒྲོག་གསལ་བསྒྲགས།

དེ་ཡང་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁམས་གསུམ་འགྲོ་བ་མ་ལུས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་༸སྤྱི་ནོར་༸གོང་ས་༸ཐམས་ཅད་མཁྱེན་པ་གང་ཉིད་མདོ་སྨད་ས་ཡི་ཐིག་ལེར་སྐུའི་མཚན་དཔེའི་འདབ་སྟོང་མངོན་པར་བཞད་ནས་དགུང་གྲངས་བརྒྱད་ཅུ་བཞེས་པ་བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས་ ༥ སྟེ་ཕྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༢༡ ནས་ཉིན་གསུམ་གྱི་རིང་།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

པར་འདེབས། PDF

ཉེ་ཆར་སྤྱི་ལོ་ ༢༠༡༤ ལོའི་ཟླ་༣ ཚེས་ ༡༩ ཉིན་རང་ཁྱིམ་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་སྔ་ཕྱིའི་གནས་ཚུལ་མདོར་བསྡུས།

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ནི། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་རང་ལོ་ ༤༢ ཡིན། སྤྱི་ལོ་ ༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས། ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ།

དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད།

པར་འདེབས། PDF

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་ངོས་འཛིན་གསལ་པོ་བཟོ་དགོས་པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་བཞག་པའི་ནང་གསལ་དོན།

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module