བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

མདོ་སྨད་གཙོས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་འདུག

པར་འདེབས། PDF

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཉིན་གུས་དུས་ཚོད་ ༡ ཡས་མས་སུ་མདོ་སྨད་གཙོས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་བའི་གནས་ཚུལ་ཐོན་ཡོད་འདུག་ལ། གནས་ཚུལ་ཡོང་ཁུངས་གཞན་ཁག་ནས་རང་ལུས་མེར་བསྲེགས་བཏང་མཁན་ཨ་ལག་གུང་ཐང་ཚང་གི་ཆུང་སྤྲུལ་རིན་པོ་ཆེའི་མ་ཡུམ་ལགས་ཀྱི་ཕ་ཡིན་ཚུལ་བརྗོད་བཞིན་འདུག

༸སྨན་རི་ཁྲི་འཛིན་མཆོག་ལ་གཞུང་འབྲེལ་བརྟན་བཞུགས་བསྟར་འབུལ།

པར་འདེབས། PDF

ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༩ ཉིན་དབུས་བོད་མིའི་སྒྲིག་འཛུག་གི་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་བོན་གཞིས་སུ་ཆེད་ཕེབས་ཀྱིས་ ༧དཔལ་ ༧རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་ལ་བརྟན་བཞུགས་མནྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་གྲྭ་ཚང་ལ་མང་ཇ་དང་སྐུ་འགྱེད། གཞན་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་འབྲས་སིལ་དང་གསོལ་ཇ་བཅས་རྒྱས་འབུལ་སོགས་ཞུས་ཡོད་པ་དང་། ཉིན་གུང་ཕྱག་ཚོད་གཉིས་པ་ནས་དཔེ་མཛོད་དང་སྔགས་དགོན་སོགས་ལ་གཟིགས་སྐོར་གནང་ཡོད་འདུག

མདོ་སྨད་གཙོད་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་རྗེས་ཀྱི་གནས་ཚུལ།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་མདོ་སྨད་གཙོད་ནས་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་རྒྱ་གཞུང་གིས་དམག་མི་ཕོན་ཆེན་བཏང་སྟེ་ས་གནས་མང་ཚོགས་དང་། རྡོ་དཀར་དགོན་པའི་གྲྭ་མང་སོགས་ལ་སུན་བཙུར་འདྲ་མིན་བྱེད་བཞིན་ཡོད་འདུག

མང་གཙོའི་ཀ་བ་གསུམ་གྱི་གཙོས་གཞུང་མང་གཉིས་ཀྱི་ཟས་བཅད་ངོ་རྒོལ།

པར་འདེབས། PDF

ད་ནངས་བཞུཊ་སྒར་ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོས་གཞུང་དམངས་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་དང་། དེའི་རྗེས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་གཞུང་མང་ཡོངས་ཀྱིས་ཉིན་ཕྱེད་རིང་ཟས་བཅད་ལས་འགུལ་མགོ་འཛུགས་གནང་སོང་

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྟེང་གྲོས་ཆོད་ཁག་སྤྱི་མོས་ཀྱི་གཏན་འབེབ་གནང་སོང་།

པར་འདེབས། PDF

དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་གྱི་དགོང་དྲོར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་འཚོགས་ཡོད་པ་དང་། དཔལ་ལྡན་སྲིད་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་ཀྱིས། ༧གོང་ས་མཆོག་ཉེ་སྔོན་ཐུགས་ཕམ་བྱུང་བ་དེ། སྒྲིག་མི་རེ་ཟུང་གིས་བོད་གཞུང་ཕྱིར་བསྡུ་བྱས་སོང་ཞེས་བཤད་ཡོད་པས་རེད་ཅེས་གསུངས་སོང་།

༧གོང་ས་མཆོག་ལ་བོད་གཞུང་མང་གཉིས་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ།

པར་འདེབས། PDF

ཕྱི་ལོ་ ༢༠༡༢ ཟླ་ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་འགྲོ་ཀུན་སྤྱི་དང་ཁྱད་པར་གངས་ལྗོངས་བསྟན་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་ལྷུན་གྱིས་འགྲུབ་པ་དང་། གུས་ཅག་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་གོང་མཐོར་སྤེལ་སླད་འཕགས་ཡུལ་བཞུགས་སྒར་དྷ་རམ་ས་ལའི་ཐེགས་ཆེན་གཙུག་ལག་ཁང་དུ་བོད་གཞུང་མང་ལྷ་མི་ཡོངས་ནས་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ངྷ་སར་དབུ་འཛུགས་གནང་སོང་།

པར་འདེབས། PDF

དེ་རིང་ཕྱི་ཚེས་ ༢༥ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་དགོངས་དོན་ལྟར་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་དབུ་འཛུགས་གནང་སོང་ལ། ཉིན་བཞིའི་རིང་གི་ཚོགས་ཆེན་དེར་རྒྱལ་ཁབ་ཁག་༢༦ ནས་ཚོགས་བཅར་བ་ཁྱོན་མི་གྲངས་༤༣༢ མཉམ་ཞུགས་བྱས་འདུག

 

 

བལ་ཡུལ་ནང་གི་ཆོལ་གསུམ་མི་སྣས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོར་འཚམས་འདྲི་ཞུས།

པར་འདེབས། PDF

ད་ལོ་བལ་ཡུལ་ནང་གི་མངའ་སྡེ་ཁག་བདུན་ཅུ་དོན་ལྔས་སིདྷིབ་པ་ཀྲག་ Sudip patak མཆོག་བསྐྱར་དུ་ཐེངས་གསུམ་པ་བལ་ཡུལ་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོར་འདེམས་ཐོན་བྱུང་བར། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བལ་ཡུལ་ནང་གནས་བསྡོད་ཆོལ་ཁ་གསུམ་མཉམ་འབྲེལ་ཀྱིས་ཚོགས་གཙོ་སིདྷིབ་པ་ཀྲག་མཆོག་བལ་ཡུལ་སྲོང་བཙན་སློབ་གྲྭའི་ནང་གདན་ཞུས་ཀྱིས། མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཐོག་ཁོང་ལ་མཚམས་འདྲི་དང་ལེགས་སྐྱེས་སུ་ཛམ་བྷ་ལའི་སྐུ་ཞིག་འབུལ་ལམ་ཞུས་སོང་།

ནང་ཆེན་གྱི་ཚོང་པ་བཀྲ་ཤིས་གར་སོང་ཆ་མེད་དང་ཆུང་མ་དང་བུ་ཕྲུག་འཛིན་བཟུང་།

པར་འདེབས། PDF

ཕྱི་ལོ་ ༢༠༡༢ ལོའི་ཟླ ༩ པའི ༡༢ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༢ སྟེང་། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་ཚོང་པ་བཀྲ་ཤིས་ཀྱི་ཆུང་མ་བོད་བདེ་དང་། བུ་ཤེས་རབ་རྡོ་རྗེ། བསོད་ནམས་སྟོབས་རྒྱལ། བུ་མོ་གཡང་འཛོམས་བཅས་བསྡོམས་པས་ཁྱིམ་མི་བཞི་འཛིན་བཟུང་དང་། ཁོ་ཚང་གི་སྡོད་ཁང་དང་མགྲོན་ཁང་། ཟ་ཁང་དང་ཚོང་ཁང་བཅས་གཏོར་བཅོམ་དང་། ནང་ཆེན་བཀྲ་ཤིས་གར་སོང་ཆ་མེད་འགྱུར་བའི་གནས་ཚུལ་རྒྱུད་ལམ་ཁག་ཏུ་ཐོན་འདུག  

༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རིག་ལ་བདེན་པ་ར་སྤྲོད་བྱེད་དགོས།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་  ༨  དང་  ༩   གཉིས་ལ་བཞུགས་སྒར་ངྷ་རམ་ས་ལར་མདོ་སྨད་དབུས་རྒྱུན་སྐབས་བཅོ་བའི་འགན་འཛིན་ལྷན་ཚོགས་ཀྱི་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་དང་པོ་སྟེང་གྲོས་ཆོད་བྱུང་བ་ཁག་ས་གནས་ཁག་སོ་སོར་བརྡ་ཁྱབ་སྤེལ་དོན་བཞིན། སུད་སི་མདོ་སྨད་ས་གནས་རྒྱུན་ལས་ནས་ལས་དོན་གལ་ཆེན་དུ་གཟིགས་ནས་ས་གནས་མང་ཚོགས་ལ་བསམ་ཚུལ་བསྡུས་ཏེ་སྤྱི་མོས་གྲོས་ཆོད་བྱུང་བ་གཤམ་གསལ།

བོད་བསྟན་སྲིད་ལ་གནོན་སྐྱོན་ཆེ་བའི་དཀྲོགས་གཏམ་རིགས་མཚམས་འཇོག་གནོངས།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་  ༨  དང་  ༩   གཉིས་ལ་བཞུགས་སྒར་ངྷ་རམ་ས་ལར་མདོ་སྨད་དབུས་རྒྱུན་སྐབས་བཅོ་བའི་འགན་འཛིན་ལྷན་ཚོགས་ཀྱི་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་དང་པོ་སྟེང་གྲོས་ཆོད་བྱུང་བ་ཁག་ས་གནས་ཁག་སོ་སོར་བརྡ་ཁྱབ་སྤེལ་དོན་བཞིན། སྦེལ་ཀོབ་མདོ་སྨད་ས་གནས་རྒྱུན་ལས་ནས་ལས་དོན་གལ་ཆེན་དུ་གཟིགས་ནས་ས་གནས་མང་ཚོགས་ལ་བསམ་ཚུལ་བསྡུས་ཏེ་སྤྱི་མོས་གྲོས་ཆོད་བྱུང་བ་གཤམ་གསལ།

བཀའ་ཁྲི་ཞེས་པའི་ཐ་སྙད་དེ་སྲིད་སྐྱོང་ལ་བསྒྱུར་ཡོད་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༢༢ བར་བཞུགས་སྒར་དྷ་རམ་ས་ལར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཞི་བ་འཚོགས་བཞིན་ཡོད་པ་ལྟར་དེ་རིང་སྤྱི་འཐུས་གྲོས་ཚོགས་ཀྱིས་ད་ལྟ་ང་ཚོའི་བཅའ་ཁྲིམས་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་བཀའ་བློན་ཁྲི་པ་ཞེས་པའི་མིང་ཚིག་དེ། སྲིད་སྐྱོང་ཞེས་འབོད་རྒྱུའི་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཡོད་པ་རེད།

དབུས་དབུ་མའི་ལམ་གྱི་གོ་སྒྲིག་འོག་དབུ་མའི་ལམ་གྱི་ཉིན་མོ་སྲུང་རྩིས།

པར་འདེབས། PDF

གཟའ་ཉི་མའི་ཉིན་ངྷ་སར་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་བྱས་ཏེ། ཚོཊ་གཙོ་སྤེན་པ་ཚེ་རིང་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། བཀའ་ཟུར་ཐུབ་བསྟན་ལུང་རིཊ་བཅས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་སོང་། 

༧གོང་ས་མཆོག་གིས་ཉེ་ཆར་བཀའ་སློབ་རིམ་ཕེབས་སྐོར་མི་མང་ལ་ཟབ་སྦྱོང་།

པར་འདེབས། PDF

altམདོ་སྨད་དབུས་རྒྱུན་སྐབས་བཅོ་ལྔ་པའི་འགན་འཛིན་ལྷན་ཚོགས་ཀྱི་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་བྱུང་དོན་བཞིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་དང་དྷ་ས་མདོ་སྨད་ས་གནས་ཐུན་མོང་ཐོག་ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་དང་ཨེ་ཊ་ལི་གཉིས་སུ་བཀའ་སློབ་ཕེབས་པའི་སྐོར་མི་མང་ནང་ཟབ་སྦྱོང་སྤྲད་རྒྱུ་བཞུགས་སྒར་དྷ་རམ་ས་ལར་འགོ་འཛུགས་ཞུས་ཡོད།

གྲོས་ཚོགས་ཚོགས་དུས་བཞི་བ་བཀའ་ཤག་ཚོགས་ཁང་དུ་དབུ་འཛུགས་གནང་འདུག

པར་འདེབས། PDF

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བ་ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༢༢ བར་ཚོགས་རྒྱུ་ཡིན་འདུག་ལ། ཚོགས་འདུའི་སྟེང་བོད་ནང་གི་ཛ་དྲག་གི་གནས་སྟངས་གཙོས། ཁྲིམས་བཟོ་དང་འདས་པའི་ལོ་གཅིག་གི་བཀའ་ཤག་གི་ལས་བསྡོམས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག  

མདོ་སྨད་དབུས་རྒྱུན་ཚང་འཛོམས་ཚོགས་འདུ་དྷ་སར་ཚོགས་པ།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༨ ནས་བཟུང་ཉིན་གཉིས་རིང་མདོ་སྨད་དབུས་རྒྱུན་སྐབས་བཅོ་ལྔ་པའི་འགན་འཛིན་ལྷན་ཚོགས་ཀྱི་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་ཐེངས་དང་པོ་བཞུགས་སྒར་དྷ་རམ་ས་ལར་སྐོང་འཚོགས་གནང་ཡོད་ལ། ཉིན་དང་པོའི་ཕྱི་དྲོར་དྷ་སར་གནས་བཞུགས་མདོ་སྨད་སྤྱི་འཐུས་ཡོངས་རྫོགས་གདན་ཞུས་ཀྱིས་ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་དང་ཨེ་ཊ་ལིས་གཉིས་སུ་བཀའ་སློབ་གནང་བ་དེའི་སྐོར་ལ་བཀའ་བསྡུར་གནང་ཡོད།

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module