བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་རྡ་སར་དབུ་འཛུགས་གནང་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འགོ་འཛུགས་མཛད་སྒོ་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱབ་ཁབ་ཁག་ ༤༢ ནས་བོད་དོན་རྒྱབ་སྐྱོར་བ་ ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་ལ། དེའི་ཁྲོད་ཕྱི་སྡོད་རྒྱ་རིགས་ ༤༠ ལྷག་ཡོད་འདུག

བལ་ཡུལ་མདོ་སྨད་ས་རྒྱུན་གྱི་གོ་སྒྲིག་འོག་མཆོད་འབུལ་སྨོན་ལམ།

པར་འདེབས། PDF

alt

ཟླ་འདིའི་ཕྱི་ཚེས་ ༨ ནས་བཟུང་ཉིན་གསུམ་རིང་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ཚོགས་ཁང་དུ་ ༸གོང་ས་མཆོག་གི་ཞབས་བརྟེན་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཚོེས་ཆེད་དུ་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཞིག་གནང་འདུག

སྦེལ་ཀོལ་མདོ་སྨད་ས་རྒྱུན་གྱི་གོ་སྒྲིག་འོག་སེ་རར་སྨོན་ལམ་མཆོད་འབུལ་ཚོགས་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྦེལ་ཀོལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག  སེ་ར་ཐེག་ཆེན་གླིང་གི་ཆོས་རྭའི་ནང་དུ་སེ་ར་བྱེས་སྨད་གཉིས་གྱི་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་གཙོས་སྦེལ་ཀོལ་ས་གནས་ཀྱི་སེར་སྐྱ་མི་མང་སྟོང་ཕྲག་བཞི་ལྷག་འདུས་འཛོམས་ཀྱིས། བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་དག་གི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཞིག་འཚོགས་ཡོད་འདུག

མདོ་སྨད་རེབ་གོང་དུ་རང་ལུས་མེར་བསྲེགས་དང་སློབ་མའི་ཞི་རྒོལ།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༥ མ་ཟིན་ཙམ་ལ་བོད་མདོ་སྨད་རྨ་ལྷོ་རེབ་གོང་མདོ་བ་འབྲོག་སྡེའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྤྱིན་པ་ལགས་ཀྱིས་རྒྱ་གཞུང་གིས་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་དུ་མདོ་བ་གྲོང་བརྡལ་གྱི་སློབ་མ་ ༧༠༠ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ། ཕྱི་ཚེས་ ༩ ཉིན་མདོ་སྨད་རེབ་གོང་དུ་སློབ་ཕྲུག་སྟོང་ཕྲག་ ༥༠༠༠ ལྷག་གིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་པ་སོགས་ཀྱི་ཛ་དྲག་གནས་ཚུལ་ཐོན་དང་ཐོན་བཞིན་འདུག

ཕྱི་ཚེས་ ༧ ཉིན་བོད་མི་ལྔ་ཡིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༧ ཉིན་མདོ་སྨད་རེབ་གོང་ནས་བོད་མི་བུ་མེད་ཞིག་དང་། དེ་བཞིན་དུ་མདོ་སྨད་རྔ་བ་ནས་བོད་མི་གྲྭ་བ་གསུམ། ཁམས་འབྲི་རུ་ནས་བོད་མི་ཞིག་བཅས་ཁྱོན་རྒྱལ་གཅེས་དཔའ་བོ་དཔའ་མོ་ལྔ་ཡིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ནས་མི་གཉིས་སྐུ་གྲོངས་བ། མི་གཉིས་སྨན་ཁང་དུ་ཁྲིད་ཡོད་པ། མི་གཅིག་གི་གནས་སྟངས་གསལ་བོ་ཆགས་མེད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག 

རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བོད་མི་མང་སྤྱི་འཐུས་ནས་འབོད་སྐུལ།

པར་འདེབས། PDF

སྤྱི་ལྷན་ཚོགས་གཙོ་ཚོགས་གཞོན་གཉིས་ནས་གསར་འགོད་བསྒྲགས་གཏམ་གནང་བཞིན་པ།དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་ཚོགས་གཞོན་མཁན་པོ་བསོད་ནམས་བརྟན་འཕེལ་མཆོག་གིས་རྣམ་གཉིས་ཀྱིས་བཀའ་ཤག་ཚོམས་ཆེན་དུ་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐོག་ལ་བོད་མིར་དྲན་གནོན་མཚམས་འཇོག་དང་། བོད་རྒྱ་གྲོས་མོལ་དགོས་སྐོར་གྱི་འབོད་སྐུལ་དོན་ཚན་ལྔ་ཅན་གྱི་གསལ་འགོད་གསལ་བསྒྲགས་ཞིག་གནང་ཡོད་པ་རེད།

མདོ་སྨད་རེབ་གོང་ནས་བོད་མི་ཞིག་གིས་གིས་རང་ལུས་མེར་བསྲེགས།

པར་འདེབས། PDF

དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ སྟེང་མདོ་སྨད་རེབ་གོང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་མཆོག་གིས་བོད་དོན་འབོད་སྐུལ།

པར་འདེབས། PDF

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་ Navi Pillay མཆོག་ནས་རྒྱ་ནག་གཞུང་ལ། བོད་མི་ཚོས་ཡུན་རིང་ནང་འཕྲད་བཞིན་པའི་དཀའ་ངལ་འོག་ད་ཆ་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མང་དག་ཅིག་སྤེལ་བཞིན་པའི་གནས་སྟངས་དེ་དག་ལ་རྒྱ་ནག་གཞུང་གིས་བསམ་ཤེས་བྱས་ཏེ་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས།

བསང་ཆུ་ཡུལ་ཚོ་ནས་རང་ལུས་མེར་བསྲེགས་ཀྱི་སྐུ་གྲོངས་བའི་གནས་ཚུལ།

པར་འདེབས། PDF

ཁ་སང་གཟའ་པ་སངས་ཉིན་གྱི་དགོང་དྲོའི་དུས་ཚོད་ ༨ ཙམ་ལ་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་རླངས་འཁོར་འབབ་ཚིགས་སུ་རྒྱལ་གཅེས་དཔའ་བོ་ཚེ་དཔག་སྐྱབས་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་བའི་གནས་ཚུལ་ཐོན་ཡོད་ལ། འདི་ནི་ཕྱི་ཚེས་ ༢༦ ཉིན་བསང་ཆུ་རྫོང་ནས་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེ་ཆགས་ཡོད་པ་རེད།

མདོ་སྨད་ཨ་མཆོག་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

པར་འདེབས། PDF

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢:༣༠ ཡས་མས་སུ་བོད་མདོ་སྨད་བསང་ཆུ་རྫོང་ཏུ་ཡུལ་ཚོ་བཅོ་ལྔ་ཡོད་པའི་ནང་གསེས་ཨ་མཆོག་ཡུལ་ཚོའི་ཁྲིམས་ཁང་གི་མདུན་དུ། རང་ལོ་ ༢༤ ཡས་མས་ཡིན་པའི་རྒྱལ་གཅེས་དཔའ་བོ་སོན་པ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག


བོད་ནས་འབྱོར་བའི་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཀྱི་ལོ་རྒྱུས་ཁ་གསལ།

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དང་། འཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱི་ཕ་ཡུལ་དང་བཅས་པའི་ལོ་རྒྱུས་དང་། དེ་བཞིན་དུ་མེར་བསྲེགས་གནང་སྐབས་ཀྱི་བརྒྱུད་རིམ་སྐོར་བོད་ནས་ཐད་གར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གྲྭ་བསོད་ནམས་ལགས་སུ་འབྱོར་ཡོད་པ་བཟོ་བཅོས་གཅིག་ཀྱང་མ་བྱས་པར་འདིར་བཀོད་ཡོད། 

རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩི་གནང་སོང་།

པར་འདེབས། PDF

ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་སྲུང་བརྩིས་ཟབ་རྒྱས་ཤིག་དྷ་སྟེང་བོད་ཁྱིམ་གྱི་ཐེང་ཆེན་དུ་ཚོགས་ཡོད་པ་དང་། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་༧ཀརྨ་པ་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཚོགས་མགོན་དུ་ཕེབས་པ་རེད།

མདོ་སྨད་བླ་བྲང་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་འདུག

པར་འདེབས། PDF

དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་ཞོགས་པར་མདོ་སྨད་བླ་བྲང་དགོན་པའི་སྐོར་ལམ་དུ་རྒྱལ་གཅེས་དཔའ་བོ་རང་ལོ་ ༦༡ ཡིན་པ་ཧོར་ཁ་གྱའི་དོན་འགྲུབ་ལགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ས་གནས་མང་ཚོགས་དང་། དགོན་པའི་དོ་དམ་མི་སྣ་ཚོགས་ཀྱིས་ཁོང་སྨན་ཁང་དུ་མྱུར་སྐྱོབས་ཆེད་ཁྲིད་ཡོད་ཀྱང་། མེ་འབར་ཤུགས་ཆེ་བའི་རྐྱེན་གྱིས་སྨན་ཁང་ནས་དྲག་སྐྱེད་མ་བྱུང་བར་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

 

མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་དཔོན་གནས་དབྱུང་བཏང་འདུག

པར་འདེབས། PDF

འདི་ག་གསར་ཁང་དུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ཡས་མས་སུ་མགོ་ལོག་པདྨ་རྫོང་གི་ཉེན་རྟོགས་དཔོན་དཔལ་སྟོབས་ཟེར་བ་ཞིག་གིས། ཞིང་ཆེན་དང་ཁུལ་རིམ་པས་མགོ་ལོག་པདྨ་ནས་ཞི་རྒོལ་བྱེད་མཁན་དག་མགྱོགས་མྱུར་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་ཁས་ལེན་མ་བྱས་པར་རྟེན། ཉེན་རྟོགས་དཔོན་དཔལ་སྟོབས་ལགས་ཀྱི་གཙོས་ཉེན་རྟོགས་པ་ཁག་ཅིག་ལས་གནས་ནས་གནས་དབྱུང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག 

དེ་རིང་མེར་བསྲེགས་གནང་མཁན་གུང་ཐང་ཆུང་སྤྲུལ་གྱི་སྤོ་བོ་རེད་ཟེར།

པར་འདེབས། PDF

དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༣ ཉིན་བཞུགས་སྒར་དྷ་རམ་ས་ལར་དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དྷ་ས་ས་གནས་བུད་མེད་ལྷན་ཚོགས་བཅས་མཉམ་འབྲེལ་གྱིས་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ལ་གདུང་སེམས་མཉམ་སྐྱེད་ཆེད་མར་མེའི་ཁྲོམ་སྐོར་ཞིག་གནང་སོང་།

མདོ་སྨད་གཙོས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་འདུག

པར་འདེབས། PDF

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཉིན་གུས་དུས་ཚོད་ ༡ ཡས་མས་སུ་མདོ་སྨད་གཙོས་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་བའི་གནས་ཚུལ་ཐོན་ཡོད་འདུག་ལ། གནས་ཚུལ་ཡོང་ཁུངས་གཞན་ཁག་ནས་རང་ལུས་མེར་བསྲེགས་བཏང་མཁན་ཨ་ལག་གུང་ཐང་ཚང་གི་ཆུང་སྤྲུལ་རིན་པོ་ཆེའི་མ་ཡུམ་ལགས་ཀྱི་ཕ་ཡིན་ཚུལ་བརྗོད་བཞིན་འདུག

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module