བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ།

མཛད་ཐང་དང་བོ།

མདོ་སྨད་སྟག་མཚེར་ཡུལ་དུ་སྐུ་བལྟམས་པའི་མཛད་པ།

མཛད་ཐང་གཉིས་པ།

གསེར་ཁྲིར་མངའ་གསོལ་གྱི་མཛད་པ།

མཛད་ཐང་གསུམ་པ།

རིས་མེད་ཆོས་བརྒྱུད་ལ་གསན་བསམ་ཉམས་བཞེས་ཀྱི་མཛད་པ།

མཛད་ཐང་བཞི་བ།

རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་པ།

མཛད་ཐང་ལྔ་བ།

བཙན་བྱོལ་བོད་གཞུང་གསར་འཛུགས་དང་མང་གཙོར་བསྒྱུར་པའི་མཛད་པ།

མཛད་ཐང་དྲུག་པ།

གཉིས་ཕན་དབུ་མའི་ལམ་གྱི་དགོངས་པ་བཏོན་པའི་མཛད་པ།

མཛད་ཐང་བདུན་པ།

རྒྱལ་སྤྱིའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བའི་མཛད་པ།

མཛད་ཐང་བརྒྱད་པ།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གསུང་ཆོས་གནང་བའི་མཛད་པ།

མཛད་ཐང་དགུ་བ།

དུས་འཁོར་དབང་ཆེན་གྱིས་མཚོན་པའི་དབང་ལུང་མན་ངག་གནང་བའི་མཛད་པ།

གསར་འགྱུར་རྒྱས་བཤད།

མདོ་སྨད་འབོ་ར་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ སྟེང་རང་ལོ་ཉེར་ལྔ་ཟིན་མ་ཐག་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ཡིས་འབོ་ར་དགོན་པའི་སྟོན་ཆོས་ཉེ་འདབ་ནས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག

བྷེ་ཧར་མངའ་སྡེའི་ནང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ། (པར།)

པར་འདེབས། PDF

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་ཧི་མ་ཅལ་མངའ་སྡེ་དང་། ཨོ་དུར་ཁན་མངའ་སྡེ། དེ་བཞིན་དུ་གྷོ་ར་པུར་སོགས་ཀྱི་ཞུ་གཏུགས་ལས་འགུལ་མཇུག་གྲུས་ནས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བྷེ་ཧར་མངའ་སྡེ་རྒྱལ་ས་པ་ཏི་ན་རུ་འབྱོར་ནས་དེ་གའི་དཔོན་རིགས་དག་ལ་ཐུག་འཕྲད་སོགས་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད། 

བྱང་ཕྱོགས་མངའ་སྡེ་ཁག་ནང་ཞུ་གཏུགས་ལས་འགུལ།

པར་འདེབས། PDF
ཇམ་མུ་མངའ་སྡེ་བློན་ཆེན་ལྷན། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་འོག་རྒྱ་གར་གྱི་མངའ་སྡེ་ཁག་ནང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པ་ལྟར། ཕྱི་ལོ་༢༠༡༣།༡།༡ ཉིན་ནས་བཟུང་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་གི་ནང་ཞུ་གཏུགས་ལས་འགུལ་སྤེལ་བའི་མགོ་བཙུགས་གནང་ཡོད་འདུག

ཨ་མ་ལྡོམ་པོ་སྐྱིད་ཀྱིས་བརྐྱངས་ཕྱག་ལས་འགུལ་མཚམས་འཇོག་བྱས་འདུག

པར་འདེབས། PDF

བལ་ཡུལ་རྒྱལ་ས་ཀ་ཐ་མན་ཊིར་བཙོན་འཇུག་བྱས་ཡོད་པའི་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ཀྱིས་ཟླ་འདིའི་ཚེས་ ༡༢ ཉིན་ནས་འགོ་འཛུགས་ཀྱི་ཉིན་གསུམ་རིང་གི་བརྐྱངས་ཕྱག་འཚལ་བའི་ལས་འགུལ་དེ་བཞུགས་སྒར་གཙུག་ལག་ཁང་དུ་མཇུག་བསྡུས་ཡོད་འདུག

༸དཔལ་རྒྱལ་བ་ཀརྨ་པ་མཆོག་ཇོ་ནང་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས་འདུག

པར་འདེབས། PDF

༸དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་དེ། ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་ ༣༠ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་བཞིན་ཡོད་འདུག

སུ་ཇཱའི་སློབ་ཕྲུག་བརྒྱ་ལྷག་གིས་སློབ་གྲྭ་ནས་ངྷ་ས་བར་གྱི་གོམ་བགྲོད།

པར་འདེབས། PDF

དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ ཉིན་རེས་གཟའ་ཕུར་བུའི་ཞོགས་པའི་ཆུ་ཚོད་བདུན་པའི་སྟེང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་ཕྲུག་གཉིས་ཀྱིས་གཙོ་འགན་ཁྱེར་ཏེ། སློབ་མ་ ༡༠༣ ཙམ་གྱིས་སློབ་གྲྭ་ནས་ངྷ་ས་བར་གྱི་ཉིན་གཉིས་རིང་གི་ཞི་བའི་གོམ་བགྲོད་ཅིག་འགོ་འཛུགས་གནང་ཡོད་ཅིང་། སློབ་ཕྲུག་དེ་དག་མཉམ་དུ་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་རྣམ་པ་གཉིས་ཀྱང་ཕེབས་ཡོད་འདུག 

༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཁག་ཅིག་ལ་གསུང་ཆོས་དབུ་འཛུགས་གནང་འདུག

པར་འདེབས། PDF

སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཀེན་བྷེ་སི་མགྲོན་ཁང་ནང་ཨུ་རུ་སུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ ༡༢༠༠ བརྒལ་བ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དང་། བོད་མི་བཅས་ཆོས་ཞུ་བ་ཁྱོན་མི་གྲངས་ ༡༥༠༠ བརྒལ་བ་ཙམ་ལ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༤ ནས་བཟུང་ཉིན་གྲངས་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་དབུ་འཛུགས་སྐབས་ཐོག་མར་འཚམས་འདྲི་དང་སྦྲགས་བཀའ་སློབ་སྩལ་དོན།

མདོ་སྨད་མཛོད་དགེ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས།

པར་འདེབས། PDF

དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་མདོ་སྨད་མཛོད་དགེ་ནས་བོད་མི་ཞིག་གིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག 

རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་ཞལ་ཆེམས་བཞག་འདུག

པར་འདེབས། PDF

ཁ་སང་སྟེ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་ཚོས་ཁོང་གི་ཕུང་པོ་རྒྱ་གཞུང་གི་ལག་ཏུ་ཤོར་མ་བཅུག་པར་རང་དགོན་སྟེ་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་དུ་གདན་འདྲེན་ཞུས་ཡོད་འདུག་ལ། ཉིན་དེའི་མཚན་མོར་རྫོང་ཐོག་ཏུ་ཡོད་པའི་ཝ་ཤུལ་རྡོར་བྲུག་ལགས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

མགོ་ལོག་པདྨ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་བོད་མི་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནང་སྐུ་གྲོངས་ཡོད་པའི་ཛ་དྲག་གནས་ཚུལ་ཐོན་འདུག

མདོ་སྨད་ཀླུ་ཆུའི་ཡུལ་ནས་དེ་རིང་སླར་ཡང་རང་ལུས་མེ་སྲེག་བྱས་པ།

པར་འདེབས། PDF

དེ་རིང་སྟེ་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་གྱི་བོད་ནང་གི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་བོད་མདོ་སྨད་ཀླུ་ཆུའི་ཟམ་ཚ་རོང་གི་ལོ་ཚོ་སྡེ་བའི་རང་ལོ་ ༣༡ ཡིན་པ་ཚེེ་རིང་རྣམ་རྒྱལ་(གཅེས་མིང་ལ་ཚེ་ཁོ་ཟེར།)གྱིས་ཟམ་ཚ་ཡུལ་ཚོའི་སྲིད་གཞུང་གི་ཉེ་འདབས་སུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེ་རུ་བསྲེགས་ཏེ་སྐུ་གྲོངས་འདུག 

རང་ལུས་མེར་བསྲེགས་དང་སློབ་མའི་ཞི་རྒོལ་ལ་དྲག་གནོན།

པར་འདེབས། PDF

དེ་རིང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ ཉིན་དབལ་ཤུལ་གསེར་རྟ་ནས་བོད་མི་ཞིག་དང་།  བླ་བྲང་ཨ་མཆོག་ཡུལ་ཚོའི་བན་ཀན་སྡེ་བའི་བོད་མི་ཞིག་བཅས་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་འདུག་ལ། དེ་བཞིན་དུ་མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭའི་སློབ་མ་ ༡༠༠༠ ལྷག་གིས།  མི་རིགས་འདྲ་མཉམ། མི་རིགས་རང་དབང་། སྲིད་གཞུང་བསྐྱར་འཛུགས་ཀྱི་འབོད་ཚིག་བསྒྲགས་ཏེ། དུས་ཡུན་ཆུ་ཚོད་ ༢ ཙམ་རིང་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆའི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་སྐབས་དྲག་གནོན་བྱས་ཡོད་པའི་ཛ་དྲག་གནས་ཚུལ་ཐོན་འདུག 

རེབ་གོང་དང་ཀླུ་ཆུ་གཉིས་ནས་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

པར་འདེབས། PDF

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་ཡུལ་ཚོའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། དེ་བཞིན་དུ་ཉིན་དེར་བོད་མདོ་སྨད་ཀླུ་ཆུ་རྫོང་མ་ངེས་ཡུལ་ཚོའི་ཁོང་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བ་ནས་བོད་མི་ཞིག་གིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པའི་ཛ་དྲག་གནས་ཚུལ་ཐོན་འདུག

རྨ་ལྷོ་ཁུལ་སྲིད་གཞུང་གིས་བཀྲམ་པའི་དམ་དྲག་ཡིག་ཆ།

པར་འདེབས། PDF

ཉེ་བའི་ཆར་ནས་བཟུང་བོད་མདོ་སྨད་རྨ་ལྷོ་རེབ་གོང་ས་ཁུལ་དུ། རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་བོད་མི་གང་མང་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྨ་ལྷོ་བོད་རིཊ་རང་སྐྱོང་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས། རང་ལུས་མེར་བསྲེཊ་གནང་མཁན་ཚོའི་ཁྱིམ་ཚང་གི་འཚོ་རྟེན་འགན་སྲུང་མེད་པ་བཟོ་རྒྱུ་དང་རང་ལུས་མེར་བསྲེགས་གནང་མཁན་གྱི་ཁྱིམ་མིར་རོགས་རམ་བྱེད་མཁན་གྱི་མི་མང་ལ་རྡུང་རྡེག་དང་། ལས་བྱེད་པ་ཕྱིར་ཕུད་དང་ཁྲིམས་ཐག་གཅོད་རྒྱུའི་བརྡ་སྦྱོར་ ༼ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྤྱི་ཚོཊ་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར༽ ཞེས་པ་ཞིག་བཀྲམས་ཡོད་འདུག 

རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་གྱི་ཞལ་ཆེམས་ཡི་གེ་ལག་སོན།

པར་འདེབས། PDF

ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༤།༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱིས་། རེབ་གོང་ཁུལ་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ་ནས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། ཉིན་འགའི་སྔོན་ནས་ཁོང་གི་ཁྱིམ་ཚང་དུ་ཕྱོགས་གང་ས་ནས་མྱ་ངན་འཚམས་འདྲི་དང་གདུང་སེམས་མཉམ་སྐྱེད་ཆེད་མི་མང་བརྒྱ་ཕྲག་མང་པོ་ཕེབས་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསར་འགོད་བསྒྲགས་གཏམ།

པར་འདེབས། PDF

altབོད་ནང་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་དབང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་བཞུགས་སྒར་དྷརྨ་སཱ་ལཱར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་ཞུས་ཤིང༌། ཁྱོན་རྒྱལ་ཁབ་ཁག་ ༤༣ ནས་ཚོགས་བཅར་བ་ཉིས་བརྒྱར་ཉེ་བ་ཆེད་ཕེབས་གནང་ཡོད། ཚོགས་འདུ་འདི་བཞིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མའི་ཚོགས་ཆུང་གིས་བསྐོང་ཚོགས་གནང་བ་དང༌། ཚོགས་འདུའི་དམིགས་ཡུལ་ནི་བོད་ནང་ད་བར་བོད་མི་ ༧༥ ཡིས་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གི་གནས་སྟངས་གདོང་ལེན་བྱེད་ཕྱོགས་འཐབ་བྱུས་བཟོ་བཀོད་ཆེད་བསྐོང་ཚོགས་ཞུས་པ་རེད།

ཤོག་ངོས་རྗེས་མ་དག་ཀློགས།

སྣ་འཛོམས་པར་སྣོད།

འབྲེལ་ཡོད་བརྙན་བསྡུས།



Get the Flash Player to see this player.

time2online Joomla Extensions: Simple Video Flash Player Module